གཞིས་ཀ་རྩེ་ཁུལ་དུ་ས་ཡོམ་བརྒྱབ་ཡོད་པའི་གནས་ཚུལ།
2009.11.08
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤིང་ཧཱ་གསར་ཤོག་ཐོག་ལ་དེ་རིང་སྔ་དྲོ་བོད་ཀྱི་གཞིས་ཀ་རྩེ་ཁུལ་དུ་ས་ཡོམ་བརྒྱབ་ཡོད་ཅིང་ཡིན་ནའང་ད་ལྟའི་འཆར་ས་ཡོམ་གྱི་གནོད་འཚེ་དེའི་ནང་དུ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཇི་ཙམ་བྱུང་ཡོད་མེད་སྐོར་ཤེས་རྟོགས་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་ས་ཞིབ་ལས་ཁང་གིས་བཤད་པར་གཞིགས་ན་དེ་རིང་སྔ་དྲོའི་ཚོུད་བཞི་དང་སྐར་ཆ་བརྒྱད་ཀྱི་ཐོག་བོད་ཀྱི་གཞིས་རྩེ་ཁུལ་གྱི་རྔམ་རིས་དང་ས་སྐྱའི་ས་མཚམས་ཀྱི་ས་ཁུལ་དུ་ས་ཡོམ་འགུལ་ཚད་ལྔ་དང་ཚགས་དྲུག་བརྒྱབ་ཏེ་ས་འགུལ་གྱི་ལྟི་གནས་བྱང་ཕྱོགས་སུ་འཕྲེད་དུ་རྒྱང་ཚད་ཀི་ལོ་མི་ཊར་ཉི་ཤུ་རྩ་དགུ་དང་ཚགས་བཞི་དང་ཤར་ཕྱོགས་ངོས་སུ་རྒྱང་ཚད་༨༦གཏིང་ཏུ་ཀི་ལོ་མི་ཊར་༣༣ཙམ་གྱི་གཡོ་འགུལ་ཐེབས་ཡོད་ཅིང་རྔམ་རིས་ས་གནས་གཞུང་གི་འགན་འཛིན་བུ་ཆུང་ལགས་ཀྱིས་ཤིང་ཧཱ་གསར་འགོད་པར་ཞལ་པར་ཐོག་འགྲེལ་བྲཇོད་བྱས་པར་གཞིགས་ན་ད་ལྟའི་འཆར་རྔམ་རིས་ས་གནས་གཞུང་ལ་ས་ཡོམ་གྱི་གོད་ཆགས་དེའི་ནང་དུ་མི་ཤི་སྐྱོན་ཆགས་ཀྱི་གནས་ཚུལ་དང་སྡོད་ཁྱིམ་ལ་གནོད་འཚེ་བྱུང་བའི་གནས་ཚུལ་གང་ཡང་འབྱོར་མ་བྱུང་ཞེས་དང་ཡིན་ནའང་ས་ཡོམ་ཤུགས་ཆེན་པོ་རྒྱབ་ཡུལ་གྲོང་མཚོ་ཞིག་གི་གྲོང་མིའི་སྡོད་ཁྱིམ་ལ་སེར་ཀ་གས་ཡོད་པ་མཐོང་རྒྱུ་ཡོད་ལུགས་དང་ས་གནས་གཞུང་གིས་ས་ཡོམ་གནོད་འཚེ་བྱུང་ཡུལ་དུ་ལས་ཀ་བྱེད་མཁན་རུ་ཁག་ཆེད་གཏོང་བྱས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།