རྒྱ་གར་ནང་བཟའ་བཅའི་རིན་གོང་འཕར་བར་ངོ་རྒོལ་བྱས་འདུག

རྒྱ་གར་ནང་བཟའ་བཅའི་རིན་གོང་ཤུགས་ཆེ་འཕར་བ་དང་གཞུང་གིས་ངལ་རྩོལ་བའི་ཐོག་འགོག་རྒོལ་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག

2008.08.20

༄༅༎རྒྱ་གར་ནང་བཟའ་བཅའི་རིན་གོང་ཤུགས་ཆེ་འཕར་བ་དང་གཞུང་གིས་ངལ་རྩོལ་བའི་ཐོག་འགོག་རྒོལ་གྱི་སྲིད་བྱུས་ལག་ལེན་བསྟར་བར་བརྟེན་ནས་རི་ལི་དང་གནམ་ཐང་ དངུལ་ཁང་སོགས་ནས་ལས་ཀ་བྱེད་མི་ས་ཡ་མང་པོས་རྒྱལ་ཡོངས་ནང་ངོ་རྒོལ་བྱེད་ཀྱི་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་ངོ་རྒོལ་གྱི་ལས་འགུལ་དེ་ནི་རྒྱ་གར་གྱི་དམར་ཤོག་ཚོགས་པས་རྒྱབ་སྐྱོར་བྱས་པའི་ངལ་རྩོལ་ཚོགས་པ་ཁག་གིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་ངོ་རྒོལ་བ་ཚོས་རྒྱ་གར་གཞུང་གི་ལས་བྱེད་པ་མཐོ་གྲས་ལ་གླ་ཕོགས་བརྒྱ་ཆ་༢༡ སྤར་ཡང་ དམའ་རིམ་ལས་བྱེད་པ་ཚོའི་གླ་ཕོགས་མ་སྤར་པ་དེར་ངོ་རྒོལ་བྱེད་ཀྱི་ཡོད་འདུག རྒྱ་གར་རྒྱལ་ཡོངས་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ གུ་རུ་རྡ་སེ་གུབ་ཊ་ ཡིས་རྒྱ་གར་ནང་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་ཏར་འཕྲིན་ཁེ་གཉེར་ལས་ཁང་ནང་ལས་ཀ་བྱེད་མཁན་ཐེ་བའི་མི་མང་ས་ཡ་མང་པོས་ངོ་རྒོལ་བྱས་པ་དེས་ངོ་རྒོལ་གྱི་ལས་འགུལ་དེ་ལམ་ལྷོང་ཆེན་པོ་བྱུང་སྐོར་དང་ ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེ་ནི་རྒྱ་གར་གཞུང་ནས་ཁེ་གཉེར་ལས་ཁང་ཆེ་ཁག་གཅེས་ལངས་གཏོང་མི་དགོས་པ་དང་ངལ་རྩོལ་མི་མང་རྣམས་ཀྱི་འཚོ་བའི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད་ལུགས་གསུངས་ཡོད་པའི་གནས་ཚུལ་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎