གནས་དབྱུང་གཏོང་དགོས་པའི་དགོས་འདུན།


2016.11.27
གནས་དབྱུང་གཏོང་དགོས་པའི་དགོས་འདུན། ལྷོ་ཀོ་རི་ཡའི་ཡུལ་མི་ཁྲི་བརྒྱ་བརྒལ་བས་སྲིད་འཛིན་གནས་དབྱུང་གཏོང་དགོས་པའི་དགོས་འདུན་བཏོན་པ།
ཨེ་ཨེཕ་པི།

ལྷོ་ཀོ་རི་ཡའི་སྲིད་འཛིན་གནས་དབྱུང་གཏོང་དགོས་པ་མི་ཁྲི་བརྒྱ་བརྒལ་བས་དགོས་འདུན་བཏོན་ཡོད་འདུག དེ་ཡང་ཨའེ་པི་གསར་འགྱུར་གཏོང་སྤེལ་བྱས་པར་གཞིགས་ན།  ངོ་རྒོལ་བྱེད་མཁན་ཧ་ལམ་མི་ས་ཡ་གཅིག་ལྷག་གིས་ཁ་ས་རེས་གཟའ་སྤེན་པའི་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་ནང་འདུ་འཛོམས་ཀྱིས་སྲིད་འཛིན་ལས་གནས་ནས་ཕབ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད།  མཚན་མོར་ཡང་ངོ་རྒོལ་བྱེད་མཁན་གྱིས་དཔལ་འབར་སོཌ་འཁྱེར་ནས་ངོ་རྒོལ་བྱས་པ་དང་ཕྱོགས་གཅིག་ནས་གླུ་གཞས་གཏོང་བ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས་སྲིད་འཛིན་Park Geun-Hyeའཇུ་བཟུང་བྱེད་དགོས་ཞེས་འབོད་ཚིག་སྒྲོག་པ་དང་རྔམ་སྟོན་ཁྲོམ་སྐོར་བྱེད་ས་གཙོ་གནས་སྲིད་འཛིན་ཕོ་བྲང་དང་བར་ཐག་སྤྱི་ལེ་༡་ཙམ་སར་བྱས་ཡོད་པ་རེད།  རྔམ་སྟོན་ཁྲོམ་སྐོར་དུ་ཞུགས་མཁན་ལོ་ན་༢༣ལ་སོན་པའི་སློབ་ཕྲུག་ཅིག་གིས་ཕ་རན་སིའི་གསར་ལས་ཁང་ལ།  ད་རེས་ང་ཚོས་ངོ་རྒོལ་བྱེད་ས་ནས་ཕྱིར་འཐེན་བྱེད་ཀྱི་མ་རེད། ང་ཚོས་དགོས་འདུན་སྒྲ་སྐད་སྔར་བས་མཐོན་པོར་སྒྲོག་ཏེ་སྲིད་འཛིན་གནས་དབྱུང་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་འདུག།  
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎