མིཡ་ཕར་རོ ་ངོ་རྒོལ་ཆེད་ཧོང་ཀོང་དུ་ཕེབས་རྒུ་ཡིན་པ།

རེས་གཟའ་པ་སངས་ཉིན་དཔལ་འབར་ཧོང་ཀོང་ནང་བསྐོར་བསྐྱོད་བྱ་རྒྱུ་ཡིན་དུས་དཔོན་རིགས་རྣམས་དངངས་འཚབ་གནང་གི་ཡོད་འདུག

༄༅༎རྒྱ་ནག་ཏུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིཀ་ཡི་དཔལ་འབར་དེ་བཞིན་ ཧོང་ཀོང ནང་སྐོར་བསྐྱོད་བྱེད་སྐབས། རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་ སུཌེན གཞུང་དང་ལྷན་དུ་འབྲེལ་བ་གནང་བཞིན་པ་དེར། ངོ་རྒོལ་གྱི་གཏམ་བཤད་གནང་ཆེད་ ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ མིཡ་ཕར་རོ ་ད་རིང་ཧོང་ཀོང་ནང་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། འོན་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཁོང་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཁོང་ཧོང་ཀོང་ནང་ཕེབས་རྒྱུར་འགོག་རྐྱེན་བཟོ་ཡོད་མིན་ད་ལྟ་གསལ་པོ་མི་འདུག ཨོ་ལིམ་པིཀ དཔལ་འབར་དེ་བཞིན་རེས་གཟའ་པ་སངས་ཉིན་ཧོང་ཀོང་ནང་བསྐོར་བསྐྱོད་བྱ་རྒྱུ་ཡིན་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་པའི་གནད་དོན་གཙོ་བོར་འགྱུར་པའི་གནད་དོན་མང་པོ་ཞིག་གི་ཐོག རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་མི་སྣ་མང་པོ་ཞིག་ཧོང་ཀོང་གཞུང་གིས་ཡུལ་ནས་ཕྱིར་བུད་བྱས་པའི་རྗེས་སུ། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ མིཡ་ཕར་རོ ཡིས་ཧོང་ཀོང་ནང་ཕེབས་རྒྱུའི་ཐག་བཅད་གནང་བ་ཞིག་ཡིན་འདུག ༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་བྱས་པའི་རྗེས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལུགས་སྲོལ་ཐོག་ཧོང་ཀོང་དེ་བཞིན་ནང་གི་རང་དབང་ཆེན་པོ་ཡོད་པའི་རྒྱ་ནག་གི་ཆ་ཤས་རང་སྐྱོང་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད། ཨོ་ལིམ་པིཀ་དཔལ་འབར་དེ་བཞིན་ད་བར་རྒྱལ་ཁབ་ཉི་ཤུ་ཙམ་ནང་བསྐོར་བསྐྱོད་བྱས་ཟིན་པ་དང༌། རྒྱལ་ཁབ་ཕལ་ཆེ་བའི་ནང་བོད་ནང་རྒྱ་མིས་དྲག་གནོན་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱུང་ཡོད་སྟབས། སང་ཉིན་རེས་གཟའ་པ་སངས་ཉིན་དཔལ་འབར་ཧོང་ཀོང་ནང་བསྐོར་བསྐྱོད་བྱེད་སྐབས་གང་འདྲ་བྱ་ཡོང་སྙམ་པའི་དངངས་འཚབ་ཆེན་པོ་ཧོང་ཀོང་གི་དཔོན་རིགས་ཚོས་གནང་བཞིན་ཡིན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎