བོད་མི་ཕོ་གཞོན་མང་པོས་མཚོན་ཆ་མི་འཁྱེར་རྒྱུའི་དམ་བཅའ།

རྨ་ཆུ་རྫོང་གི་བོད་མི་ཕོ་གཞོན་བརྒྱ་ཕྲག་ཁ་ཤས་ཀྱིས་ལུས་ལ་མཚོན་ཆ་མི་འཁྱེར་རྒྱུའི་དམ་བཅའ་བཞག་ཡོད་པའི་གནས་ཚུལ་ཐོན་འདུག་།

2012.06.07

༄༅༎ཚེས་༧ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཉེ་ལམ་བོད་ནས་དྲ་རྒྱའི་ཐོག་བཀོད་པའི་གནས་ཚུལ་ལུངས་འདྲེན་བྱས་པར་གཞིགས་ན་ རྨ་ཆུ་རྫོང་དངུལ་ར་ལྷ་སྡེ་ དབལ་པན་སྡེ་བའི་ཕོ་གཞོན་མང་པོ་ཞིག་གིས་གྲི་སོགས་མཚོན་ཆ་འཁྱེར་ནས་ཕན་ཚུན་འཁྲུག་འཛིང་སྣ་ཚོགས་ཡོང་བཞིན་ཡོད་ལ་ འཁྲུག་འཛིངས་དེ་དག་རྐྱེན་པས་ ལོ་རེར་ཕོ་གཞོན་ཁ་ཤས་རྐྱེན་ལམ་དུ་ཤོར་བ་དང་ ཁྲིམས་ཐོག་ནས་གྱོད་གཞི་དང་ཁ་མཆུ་བཙུགས་པ་སོགས་ཚུལ་མིན་གྱི་བྱ་བ་མང་པོ་ཞིག་ལ་བརྟེན་ ཕ་མ་སྤུན་ཆེད་ཚོར་བློ་མི་བདེ་བ་མ་ཟད་ ཕོ་གཞོན་ཚོའི་ཕ་མའི་བསླབ་བྱ་དང་ལམ་སྟོན་སོགས་ལ་ཉན་འཇོག་མེད་པའི་གནས་སྟངས་ཆགས་ཡོད་པ་རེད་ ཡིན་ཡང་གནས་ཚུལ་ནང་གསལ་ལྟར་ན་ འདི་ལྟ་བུའི་གནས་སྟངས་འོག་ ཉེ་ལམ་ས་གནས་དེ་གའི་མ་ནི་བླ་མ་ངག་དབང་བློ་གྲོས་མཆོག་གིས་ ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ ད་ཆ་རྨ་ཆུ་རྫོང་གི་ཕོ་གཞོན་བརྒྱ་ཕྲག་ཁ་ཤས་ཀྱིས་ རང་གི་ལུས་ལ་མཚོན་ཆ་མི་འདོགས་རྒྱུ་དང་ རང་རིགས་ཕན་ཚུན་འཁྲུག་འཛིངས་ཀྱི་གསོད་རེས་མི་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པའི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎