ཕི་ལི་པིན་དང་རྒྱ་ནག་ཨ་རི་བཅས་བར་གྱི་འབྲེལ་བའི་སྐོར།
2011.07.08
༄༅༎རྒྱ་ནག་དང་ཕེ་ལི་ཕིན་དབར་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་གནད་དོན་ཐོག་རྩོད་གླེང་བྱུང་བཞིན་པའི་ཐོག་ཕི་ལི་ཕིན་ཕྱོགས་ནས་རྒྱ་ནག་དང་ཨ་རི་ ཕི་ལི་ཕིན་དབར་དོ་མཉམ་གྱི་་གནས་སྟངས་ཤིག་སྐྲུན་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་ཕེ་ལི་ཕིན་སྲིད་འཛིན་གྱི་སློབ་སྟོན་པས་དེ་རིང་གཟའ་པ་སངས་ཉིན་གསུང་འདུག
ཕེ་ལི་ཕིན་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབར་རིང་མིན་པེ་ཅིན་དང་མཇལ་མོལ་གནང་གི་ཡོད་པ་དང་དེའི་གོང་ཕི་ལི་ཕིན་སྲིད་འཛིན་གྱི་སློབ་སྟོན་པ་རོ་ནལདྲ་ལ་མ་སེ་ཡིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་བདག་དབང་གི་གནད་དོན་ཐོག་རྒྱ་ནག་དང་ཕི་ལི་ཕིན་ཡུལ་གྲུ་གཉིས་ཀས་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་ཕན་པའི་རྗེས་མཉམ་ལས་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པའི་སློབ་སྟོན་གནང་ཡོད་ཅིང་ ཁོང་གིས་གསུང་ན་ ང་ཚོས་ངེས་པར་དུ་གང་འདྲ་བྱས་ནས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཐུབ་ཐབས་ཀྱི་ཐབས་ལམ་ཤེས་དགོས་པ་དང་ ཕི་ལི་ཕིན་གཞུང་གིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་བརྒྱུད་ནས་རང་ཉིད་ཀྱི་དཀའ་ངལ་སེལ་ཐབས་དགོས་ལུགས་གསུང་འདུག གཟའ་པ་སངས་ཉིན་རྒྱ་ནག་དང་ཕི་ལི་ཕིན་གི་ཕྱི་སྲིད་བློན་ཆེན་དབར་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་རྩོད་གླེང་ཐད་གྲོས་མོལ་གནང་རྒྱུ་ཡིན་པ་དང་ རྒྱ་ནག་གི་ཕྱི་སྲིད་བློན་ཅེན་ཡང་ཇལ་ཁྲེ་ཡིས་ད་རེས་ཕི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་བདག་དབང་རྩོད་གླེང་གི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་དེས་ཕན་ཚུན་དབར་མཉམ་ལས་དང་ མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་བ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག་