རྨ་ཆུ་རྫོང་གི་ཞུ་འབོད་ལས་འགུལ་བ་ཚོ་བཀག་ཉར་ནས་བཏང་འདུག


2016.04.11
མདོ་ལྷོ་རྨ་ཆུ་རྫོང་དུ་སྤྱི་ཕན་ལས་གནས་དངོས་བསྒྱུར་ཞུ་འབོད་སྐབས། ༢༠༡༦།༤།༨ མདོ་ལྷོ་རྨ་ཆུ་རྫོང་དུ་སྤྱི་ཕན་ལས་གནས་དངོས་བསྒྱུར་ཞུ་འབོད་སྐབས། ༢༠༡༦།༤།༨
བོད་འབྱོར།

རྨ་ཆུ་རྫོང་དུ་ཞུ་འབོད་ལས་འགུལ་སྤེལ་མཁན་གྱི་བོད་མི་ཚོ་བཀག་ཉར་ཁང་ནས་རང་ཁྱིམ་དུ་འབྱོར་ཡོད་པ་དང་། འདི་ཚེས་༡༦་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་ས་གནས་རྫོང་དཔོན་དང་ཐུག་འཕྲད་གནང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
གནས་ཚུལ་རྒྱང་སྲིང་ཟིན་པ་ལྟར། ཕྱི་ཚེས་༨་ཉིན། མདོ་སྨད་མདོ་ལྷོ་རྨ་ཆུ་རྫོང་གི་བོད་རིགས་མཐར་ཕྱིན་སློབ་མ་ཁག་ཅིག་གིས་རྫོང་སྲིད་གཞུང་གི་ཀྲུང་གོའི་གུང་ཁྲན་ཏང་རྨ་ཆུ་རྫོང་ཨུ་ཡོན་ལྷན་ཁང་ཞེས་བའི་ལས་ཁུངས་མདུན་དུ། ཁོང་ཚོ་གང་བྱུང་ལས་གནས་ནས་ཕྱིར་འབུད་བྱས་པར་ཕྱི་ཡོང་སློབ་མར་སྔོན་འགོག་བྱས་ཏེ། སྤྱི་ཕན་ལས་གནས་དངོས་སུ་བསྒྱུར་དགོས། སྤྱི་ཕན་ལས་གནས་ཡོངས་ནས་ཅེས་དང་། ད་དུང་ཆབ་སྲིད་ལ་རྒྱབ་འགལ་བྱས་མེད་ཅེས་པའི་འཕྲེད་དར་བཟུང་སྟེ་ཞི་འབོད་ལས་འགུལ་སྤེལ་ཡོད་པ་རེད།
དེ་ནས་དུས་ཡུན་རིང་པོ་མ་ཕྱིན་པར་སློབ་མ་ཚོ་ཉེན་རྟོག་པས་འཇུ་བཟུང་གིས་བཀག་ཉར་ཁང་དུ་ཁྲིད་ཡོད་འདུག
དེའི་ཐད་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། ཁོང་ཚོ་བཙན་ཁྲིད་བཀག་ཉར་བྱས་རིང་གཅར་རྡུང་བཏང་བ་དང་། ལག་པར་བཏགས་པའི་གསེར་གྱི་མཛུབ་དཀྲིས་དང་། ལག་ཐོགས་ཁ་པར་བཅག་པ་སོགས་ཀྱི་གནས་ཚུལ་བྱུང་འདུག
ཕྱི་ཚེས་༡༡་ཉིན་སྲིད་གཞུང་མི་སྣས་བརྗོད་པར་གཞིགས་ན། ད་རེས་ཁྱོད་ཚོས་སྲིད་གཞུང་ལ་སྐྱོན་འཛུགས་བྱས་པ་དེ་ད་དུང་མུ་མཐུད་དེ་ལྟར་བྱས་པ་ཡིན་ན། ཁྱོད་ཚོར་ནག་ཐིག་རྒྱབ་ནས་སྲིད་གཞུང་གི་ལས་ཀ་ལ་སོགས་པའི་ནང་མཐོང་རྒྱུ་མེད་པ་བཟོ་རྒྱུ་ཡིན་ཞེས་པ་སོགས་འཇིགས་སྐུལ་བྱས་ཡོད་པ་རེད། སྐབས་དེར་ཁོང་ཚོས། ང་ཚོས་སྲིད་གཞུང་གོང་རིམ་ལ་དྲང་བདེན་གྱི་དཀའ་ངལ་སེལ་རོགས་ཞུ་འབོད་བྱས་བ་ལས་སྲིད་དོན་དང་འབྲེལ་བ་མེད་ལ་ཁྲིམས་དང་འགལ་མེད་ཚུལ་བརྗོད་འདུག། མཐར་སྲིད་གཞུང་གིས་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་རྫོང་དཔོན་དང་ཐུག་འཕྲད་ཀྱིས་གནས་ཚུལ་དེར་ལན་འདེབས་བྱེད་རྒྱུ་ཡིན་ལུགས་བཤད་ནས་གློད་བཀྲོལ་བཏང་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎