རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལུམ་སྦི་ནིར་ཕེབས་ཡོད་པ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཤ་ཀྱ་ཐུབ་པ་སྐུ་བལྟམས་ཡུལ་ལུམ་སྦི་ནི་ལ་གནས་མཇལ་དུ་ཕེབས་ཡོད་པ་རེད།

2008.11.02

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་གིས་བདག་ཅག་གི་སྟོན་པ་ཤ་ཀྱ་ཐུབ་པ་སྐུ་བལྟམས་ཡུལ་ལུམ་སྦི་ནི་ལ་གནས་མཇལ་དུ་ཕེབས་པའི་རྗེས་ཁོང་གིས་འཛམ་གླིང་རྒྱལ་ཡོངས་ནང་ཞི་བདེའི་ཆེད་ཕྱག་ལས་གནང་རྒྱུའི་བློ་སྟོབས་སྤེལ་སྐོར་གསུངས་འདུག

འདི་ལོའི་ཕྱི་ཟླ་དགུ་པའི་ནང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གནང་སྐབས་བལ་ཡུལ་གྱི་སྲིད་བློན་པུཤ་པ་ཀ་མལ་རྡ་ཧལ་མཆོག་ནས་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གནས་མཆོག་ལུམ་སྦི་ནི་རུ་ཕེབས་དགོས་པའི་སློབ་བསྟོན་ཕུལ་བ་བཞིན་གཟའ་སྤེན་པའི་ཉིན་སྦན་ཀི་མུན་མཆོག་ཐད་འཕུར་གནང་གྲུ་བརྒྱུད་ནས་ས་གནས་ཀྱི་བའེ་ར་ཧ་ལྦ་གནམ་ཐང་དུ་ཕེབས་འབྱོར་སྐབས་སུ་གྲྭ་བཙུན་མང་པོས་དགའ་བསུ་ཞུས་པ་མ་ཟད་ལུམ་སྦི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཙོ་གཞོན་པ་ཀེ་ཤལྦ་ཤ་ཀྱ་ཞུ་བས་ཡར་རྒྱས་ཀྱི་ལས་དོན་སྐོར་སྐར་མ་བཅུའི་རིང་སྙན་སེང་ཞུས་འདུག དེའི་རྗེས་སུ་ལམ་སྦི་ནིར་ཡོད་པའི་དགོན་པ་དང་ལྷ་ཁང་།དེ་བཞིན་གནའ་བོའི་གནས་ཆེན་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷ་ཁང་དང་ཆོས་མྱ་ངན་མེད་ཀྱི་རྡོ་རིང་ལ་སོགས་ཀྱང་གནས་མཇལ་ཞུས་འདུག ཁོང་གིས་ལུམ་སྦི་ནིའི་ཁུལ་དུ་གནས་མཇལ་གྲུབ་པའི་རྗེས་སུ་ལུམ་སྦི་ནིའི་མཛེས་སྡུག་གི་ཁོང་གི་ཡིད་དབང་འཕྲོག་སྐོར་དང་སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་པའི་ཆོས་ཀྱིས་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ལ་ཡིད་ཆེས་དད་གུས་ཞུ་མི་དང་རིག་གཞུང་འདྲ་མིན་ཡོད་པའི་མི་མང་དབར་ཞི་བདེ་དང་བརྟན་ལྷིང་།འཆམ་མཐུན་མཉམ་གནས།མཛའ་གྲོགས་དགོང་སྤེལ་གཏོང་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎