ཨ་རིའི་མི་ནི་སོ་ཊ་མངའ་སྡེ་གཞུང་གིས་བོད་ཀྱི་ལོ་གསར་ཉིན་མོ་ངོས་འཛིན་དང་སྲུང་བརྩི་གནང་འདུག

2023.02.21
ཨ་རིའི་མི་ནི་སོ་ཊ་མངའ་སྡེ་གཞུང་གིས་བོད་ཀྱི་ལོ་གསར་ཉིན་མོ་ངོས་འཛིན་དང་སྲུང་བརྩི་གནང་འདུག ཨ་རིའི་མི་ནི་སོ་ཊ་(Minnesota)་མངའ་སྡེའི་སྲིད་སྐྱོང་གི་ཡོངས་ཁྱབ་གསལ་བསྒྲགས་ངོ་བཤུས།
སྒྲིག་བཟོ།/RFA

དེ་ཡང་ཕྱི་ཟླ་༢པའི་ཚེས་༡༩ཉིན། ཨ་རིའི་མི་ནི་སོ་ཊ་(Minnesota)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནམ་སྲིད་སྐྱོང་(Tim Walz)་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ་བའི་ནང་། ད་ལོ་ཕྱི་ཟླ་༢པའི་ཚེས་༢༡ཉིན་མངའ་སྡེ་དེའི་ནང་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་ཞེས་ངོས་འཛིན་གྱིས་སྲུང་བརྩི་ཞུ་ཡིན་པ་གསུངས་ནས། མི་ནི་སོ་ཊ་མངའ་སྡེ་དེའི་ནང་བོད་མི་༥༠༠༠ཙམ་གནས་སྡོད་བྱེད་བཞིན་ཡོད་པ་དང་། སྤྱི་ལོ་༢༠༡༤ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་མི་ནི་སོ་ཊར་ཆེད་ཕེབས་ཀྱིས། གང་ཉིད་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་རྗེས། རྒྱ་གར་གྱི་ཕྱི་ལ་ཆེས་ཐོག་མའི་བོད་ཀྱི་ལོ་གསར་དེ་བཞིན་མི་ནི་སོ་ཊ་མངའ་སྡེའི་ནང་སྲུང་བརྩི་ཞུས་པར་ལེགས་སྲོལ་དང་སྦྲགས་མངའ་སྡེའི་སྲིད་གཞུང་གི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་བོད་མིའི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་བཅས་པར་བདག་གཅེས་སྲུང་སྐྱོབ་དང་གོང་འཕེལ་ལ་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་འདུག
མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་སྒྲོལ་དཀར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཨ་རིའི་མི་ནི་སོ་ཊ་(Minnessota)་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་གསར་དང་འབྲེལ་བའི་གསལ་བསྒྲགས་དེ་ནི་གཞུང་འབྲེལ་གྱིས་བོད་ཀྱི་ལོ་གསར་ངོས་འཛིན་གནང་བ་ཞིག་ཡིན་པ་དང་། ང་ཚོས་འབོད་སྐུལ་ཞུས་བ་ལྟར། མངའ་སྡེ་གཞུང་གི་ངོས་ནས་མུ་མཐུད་དུ་བོད་ཀྱི་ཆོས་དང་རིག་གཞུང་བཅས་པར་བདག་གཅེས་སྲུང་སྐྱོབ་གནང་རྒྱུ་ཡིན་པ་གསུངས་བྱུང་།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎