བློ་བཟང་དར་རྒྱས་ལགས་ཕྱིར་རང་ཁྱིམ་ལ་འབྱོར་འདུག


2016.06.13
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར།
CCTV

རྒྱ་ནག་གི་གསང་བའི་མི་སྣས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དར་རྒྱས་ལགས་ཉིན་གྲངས་༡༦་ཙམ་གྱི་རིང་བཙན་ཁྲིད་བྱས་པའི་རྗེས་སུ། ཟླ་བ་འདིའི་ཚེས་༨་ཉིན་གློད་བཀྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་དར་རྒྱས་སམ་བློ་བཟང་དར་རྒྱས་ལགས་ཕྱི་ཟླ་༥་པའི་ཚེས་༢༣་ཉིན་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་དགོན་པ་ནས་གློ་བུར་དུ་བཙན་འཁྲིད་བྱས་ཡོད་ཅིང་། དེ་ནས་ཉིན་གྲངས་༡༦་ཙམ་གྱི་རིང་དུ་ཁོང་གང་དུ་འཁྲིད་པ་དང་། གང་དུ་བཀག་ཉར་བྱས་པའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་གྱུར་འདུག།
འོན་ཀྱང་རྗེས་སུ་ཁོང་ཉིད་ཀྱིས་ཁ་དཔར་ཞིག་འབྱོར་བའི་རྗེས་ཁོང་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་ནག་ཕྱོགས་སུ་འགྲོ་ལམ་གྱི་ས་གནས་ཤིག་ཏུ་བཀག་ཉར་དྲི་རྩད་བྱས་ཡོད་ཅིང་། རིམ་པས་འདིའི་ཟླའི་ཚེས་༨་ཉིན་ཁོང་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་ཁྱིམ་དུ་བསྐྱལ་ཡོད་ཅིང་། ཁོང་ནང་དུ་མ་འབྱོར་བ་སྔོན་དུ་ཁོང་གིས་ཁ་དཔར་བཏང་ནས་སྣེ་ལེན་འཚམས་དྲི་གནང་མི་དགོས་པའི་སྐོར་གསུངས་ཡོད་པ་རེད་འདུག
ཀིརྟི་དགོན་པའི་དགེ་འདུན་པ་དར་རྒྱས་ལགས་དེ་སྔ་ཡང་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་བཙོན་འཇུག་བྱས་མྱོང་ཡོད་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎