ཀོང་རེ་སི་ཚོགས་པའི་ཚོགས་གཙོས་མའོ་ཚོགས་པར་སྐྱོན་བརྗོད།

བལ་ཡུལ་དམར་ཤོག་མའོ་ཚོགས་པའི་སྲིད་གཞུང་གིས་མི་སུ་ཞིག་གི་འདོད་བློ་ཚིམས་པའི་ལས་དོན་བྱེད་ཐུབ་མེད་སྐོར་སྐྱོན་བརྗོད་གནང་འདུག

2009.03.15

༄༅༎བལ་ཡུལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གིར་ཇ་པར་སའ་རྡེ་ཀོའེ་རེ་ལས་རྒྱ་གར་ནང་ཉིན་གྲངས་ལྔའི་རིང་གི་གཟིགས་སྐོར་མཇུག་སྒྲིལ་གནང་སྐབས་ཆིག་བསྒྲིལ་དམར་ཤོག་མའོ་ཚོགས་པས་སྣེ་འཁྲིད་པའི་བལ་ཡུལ་མཉམ་མཐུན་གཞུང་གིས་མི་སུ་ཞིག་གི་འདོད་བློ་ཚིམས་པའི་ལས་དོན་བྱེད་ཐུབ་མེད་སྐོར་སྐྱོན་བརྗོད་གནང་འདུག

ཁོང་གིས་མའོ་ཚོགས་པས་ཆབ་སྲིད་ཀྱི་འགན་འཁུར་ལེན་པ་ནས་བཟུང་བལ་ཡུལ་རྒྱལ་ཁབ་དེ་དག་དཀའ་རྙོག་ཆེ་བའི་གནས་སྟངས་ནང་ལྷུང་ཡོད་པ་དང་ད་ལྟའི་སྐབས་དེར་མའོ་ཚོགས་པར་སུས་ཀྱང་འདོད་པ་བྱེད་ཀྱི་མེད་ཅིང་ཁོང་ཚོས་ཁ་ནས་བཤད་ཡག་དང་དངོས་སུ་ལག་ལེན་བསྟར་ཡག་གཉིས་མཐུན་གྱི་མེད་པའི་སྐོར་འགྲེལ་བརྗོད་གནང་བཞག

ཀོའེ་རེ་ལ་དརེས་རྒྱ་གར་ལ་སྨན་བཅོས་་ཆེད་ཕེབས་ཡོད་ཚུལ་གསུངས་ཡོད་ནའང་ཕྱོགས་མང་པོ་ནས་ཚོད་དཔག་གཞན་གནང་གི་ཡོད་པའི་ཐོག་ཁོང་གིས་གསལ་བཤད་གནང་ཡོད་པའི་ནང་ཁོང་གི་ཚོགས་པས་གཞུང་སྲིད་འཛིན་སྐྱོང་མགོ་རྟིང་སློག་རྒྱུའི་འཆར་གཟི་མེད་སྐོར་གསུངས་བ་དང་འབྲེལ་མའོ་ཚོགས་པས་རྩོད་པ་རྒྱབ་རྒྱུའི་ཚབ་ཏུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱབ་ཕྱོགས་ཐད་དོ་སྣང་ཆེ་བ་བྱ་དགོས་པའི་སློབ་བསྟོན་གནང་འདུག ཀོའེ་རེ་ལ་ཡིས་ད་ལྟའི་གཞུང་དེ་འཕྲལ་སེལ་གྱི་གཞུང་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་སྟེ་མའོ་ཚོགས་པས་སྣེ་འཁྲིད་པའི་གཞུང་དེེས་རྩ་ཁྲིམས་གསར་པ་ཟིན་བྲིས་འགོད་རྒྱུ་ལས་དེ་མིན་རྒྱལ་ཁབ་ཀྱི་གནད་དོན་གལ་ཆེ་དེ་ཚོའི་ཐོག་ཐག་གཅོད་བྱེད་བའི་དབང་ཚད་མེད་སྐོར་གསུངས་བཞག

སྨན་བཅོས་ཁོ་ནའི་དོན་དུ་རྒྱ་གར་ལ་ཕེབས་པ་ཡིན་གསུང་མཁན་བལ་ཡུལ་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ཀོཡེ་རེ་ལ་ཡིས་རྒྱ་གར་ནང་ཉིན་གྲངས་ལྔ་བཞུགས་ཡུལ་རིང་རྒྱ་གར་གྱི་སྦ་ར་ཏི་ཡ་ཇ་ན་ཊ་ཚོགས་པའི་དབུ་འཁྲིད་བགྲེས་པ་ཁག་ཅིག་དང་ཕྱི་འབྲེལ་བློན་ཆེན་པར་ནབ་མུ་ཁར་ཇི་དང་ཕྱི་འབྲེལ་དྲུང་ཆེ་ཤིལྦ་ཤང་ཀང་མེ་ནོན་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎