རྒྱ་ནག་གི་དར་ཆ་ཕབ་ནས་བོད་ཀྱི་རྒྱལ་དར་སྒྲེང་བཙུགས།

ཁམས་རྫ་ཆུ་ཁའི་དབོན་པོ་གྲོང་ཚོའི་སློབ་གྲའི་ཁང་པའི་སྟེང་རྒྱ་ནག་གི་དར་ཆ་དེ་མར་ཕབ་ནས་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་ཞིག་སྒྲེང་བཙུགས།

2012.02.07

༄༅༎ཁ་ཉིན་རེས་གཟའ་སྤེན་པ་ཉིན་བོད་ཀྱི་ཁམས་རྫ་ཆུ་ཁའི་དབོན་པོ་གྲོང་ཚོའི་སློབ་གྲའི་ཁང་པའི་སྟེང་རྒྱ་ནག་གི་དར་ཆ་དེ་མར་ཕབ་ནས་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་ཞིག་སྒྲེང་འཛུགས་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་གོང་ཞུས་བོད་ཀྱི་ཁམས་རྫ་ཆུ་ཁའི་དབོན་པོ་གྲོང་ཚོའི་ནང་གི་གནས་ཚུལ་དེ་ཉེ་འཁྲིས་ས་ཁུལ་གསེར་རྟའི་ནང་བོད་མི་གསུམ་གྱིས་རང་གི་སྐུ་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་བྱུང་ནས་ཉིན་གཅིག་རྗེས་བྱུང་བ་ཞིག་ཡིན་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་            ད་ལྟའི་འཆར་དབོན་པོ་གྲོང་ཚོ་ཚུད་པའི་ཁམས་རྫ་ཆུ་ཁ་ཡོངས་རྫོགས་རྒྱའི་དྲག་པོའི་དམ་བསྒྲཌ་འོག་ཚུད་ཡོད་པ་དང་མངའ་ཁུལ་གྱི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་རྒྱབ་ཡོད་པ་མ་ཟད་མི་འགྲོ་འོང་ཐོག་ཡང་དམ་བསྒྲགས་ཡོད་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ ཡང་རེས་གཟའ་ཉི་མ་ཉིན་ཁམས་ཀྱིས་རྫ་སྟོད་ཁང་དམར་ཞེས་པའི་གྲོང་ཚོའི་ནང་བོད་མི་བཞི་ཡིས་ས་གནས་ཀྱི་བསྐོར་སྲུང་བའི་ལས་ཁུངས་མདུན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་རེད་ བོད་མི་དེ་དག་གིས་བོད་རང་བཙན་དང་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་གདན་འདྲེན་ཞུས་དགོས་པའི་སྐད་འབོད་གནང་ཡོད་ཅིང་།   བོད་མི་དེ་དག་གི་མཚན་ལ་ཚེ་རིང་དཔལ་ལྡན་དང་ཚེ་རིང་བཟང་པོ་ ཚེ་རིང་བཀྲིས་དང་རྡོ་རྗེ་བཅས་ཡིན་པ་རེད་           

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎