བཙན་བྱོལ་གཞུང་ནས་ས་ཡོམ་ཕོག་པ་ཚོའི་ཆེད་མཆོད་འབུལ་གནང་བ།

བཙན་བྱོལ་བོད་གཞུང་ནས་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པ་རྣམས་ཀྱི་ཆེད་མཆོད་འབུལ་རྒྱ་ཆེ་ཞིག་གནང་འདུག

2008.06.04

༄༅༎དེ་རིང་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་གཅིག་ཉིན་མོ་དང་བསྟུན་ནས་བཙན་བྱོལ་བོད་གཞུང་གི་གོ་བསྒྲིགས་གནང་བའི་འོག་བཞུགས་སྒར་གཙུག་ལག་ཁང་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། མི་མང་སྟོང་ཕྲག་འགའ་ཤས་ནས་འགྲོ་བ་སེམས་ཅན་ཐམས་ཅད་སྤྱི་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་མི་མང་ཚོའི་ཆེད་མཆོག་འབུལ་རྒྱ་ཆེ་ཞིག་གནང་ཡོད་འདུག།

ཡང་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་མཆོག་གིས། ད་རེས་བོད་གཞུང་ནས་མཆོད་འབུལ་གནང་དགོས་པའི་དམིགས་ཡུལ་ནི། ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་དོན་རྐྱེན་འོག་ཚེ་སྲོག་ཤོར་བའི་འདས་པོ་རྣམས་དང་། དེ་བཞིན་རྨས་སྐྱོན་དང་དོ་ཕོག་ཐེབས་པའི་མི་མང་ཚོའི་ཆེད་ཡིན་པ་དང་། མ་འོངས་པར་འཛམ་གླིང་ནང་འདི་ལྟ་བུའི་འབྱུང་བའི་གནོད་འཚེ་མི་ཡོང་བའི་སྨོན་འདུན་ཞུ་རྒྱུའི་ཆེད་དམིགས་པ་ཞིག་ཡིན་ཞེས་གསུངས་འདུག།

ཟླ་བ་སྔོན་མའི་ཚེས་༡༢ ཉིན་རྒྱ་ནག་དང་། བོད་ཀྱི་ས་ཁུལ་ཁག་ཅིག་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་བའི་ཉེན་ཤས་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་བཞུགས་སྒར་དང་བོད་མིའི་གནས་ཡུལ་མང་པོའི་ནང་མཆོད་འབུལ་གནང་ཡོད་རེད་ལ་ཁག་ཅིག་ནས་ཞལ་འདེབས་བསྡུ་རུབ་ཀྱང་ཞུས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་བོད་ཀྱི་ས་ཁུལ་མང་པོའི་ནང་དུའང་མཆོད་འབུལ་དང་ཞལ་འདེབས་བསྡུ་རུབ་གནང་བ་སོགས་གོད་ཆགས་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎