རྒྱལ་བ་ཀརྨ་པ་མཆོག་ནས་དྲ་རྒྱ་གསར་བཙུཊ་གནང་བ།

རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་དྲ་རྒྱ་ཞིག་གསར་བཙུགས་གནང་ཡོད་པའི་གནས་ཚུལ།

2009.12.24

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན།དཔལ་རྒྱལ་དབང་རྐར་མ་པ་རིན་པོ་ཆེ་མཆོག་གིས་འདི་ཚེས་ཉི་ཤུ་རྩ་གཉིས་ཀྱི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གནང་བཞིན་པའི་དུས་ཚོད་དང་བསྟུན་ཏེ།དབྱིན་བོད་ཤན་སྦྱར་ཐོག་ཡོད་པའི་ཁོར་ཡུག་ཅེས་འགོ་བརྗོད་དུ་འཁོད་པའི་དྲ་རྒྱ་ཞིག་གསར་བཙུགས་གནང་ཡོད་པ་དང་སྐབས་དེར་ཆོས་ཞུ་བ་སེར་སྐྱ་བརྒྱ་ཕྲག་འགའ་ཤས་དང་ཕྱི་རྒྱལ་མི་སྣ་ལྷག་པར་དུ་ཁོར་ཡུག་དང་འབྲེལ་བའི་ལས་དོན་སྤེལ་གནང་མཁན་སོགས་མཛད་སྒོ་དེའི་ཐོག་མཉམ་ཞུགས་གནང་ཡོད་འདུག

སྤྱིར་བཏང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་ཡོད་མུས་དང་།དེ་ནི་ཧི་མ་ལ་ཡའི་རི་བརྒྱུད་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་དམིགས་སུ་བཙུགས་པ་ཞིག་ཡིན་འདུག་ལ་དེའི་ནང་།ནང་པའི་དགོན་སྡེ་འདྲ་མིན་མང་པོ་ཞིག་ཡོད་འདུག་ད་རེས་དྲ་རྒྱ་དམིགས་བསལ་ཆེད་བཙུགས་གནང་དགོས་པའི་དགོས་དོན་ནི།ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དགོན་སྡེ་ཁག་དང་ལྷག་པར་དུ་དཔལ་རྒྱལ་དབང་རྐར་མ་པ་རིན་པོ་ཆེ་མཆོག་ནས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་རིགས་དུས་ཐོག་མཁོ་སྤྲོད་གནང་རྒྱུ་དེ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག

རྒྱལ་དབང་ཀརྨ་པ་རིན་པོ་མཆོག་གིས་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཤིང་ནགས་གཅོད་འབྲེག་དང་།གནམ་གཤིས་འགྱུར་ལྡོག།ཁོར་ཡུག་འབག་བཙོག་ལས་སྐྱོབ་ཐབས་སུ་ང་ཚོས་འབད་བརྩོན་གང་ཐུབ་བྱེད་དགོས་པ་ལས་དེ་མིན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་ཡོང་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་ན།གང་ལྟར་ས་གཞི་འདི་ནས་སོ་སོ་རང་ཉིད་ལ་ཕན་ཐོག་ཇི་ལྟར་ཡོང་གི་ཡོད་པ་བཞིན་དེར་བདག་གཅེས་ཡག་པོ་ཞིག་བྱེད་དགོས་རྒྱུ་ང་ཚོའི་ལས་འགན་ཡིན་ལུགས་བཀའ་གནང་ཡོད་འདུག།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎