ཀརྨ་པ་མཆོག་གིས་ལས་སྨོན་རྟེན་འབྲེལ་ཚང་མ་འཛོམས་པའི་སྐབས་སུ་ང་ཚོ་རྒྱ་གར་ནས་ཞལ་འཛོམས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུག

2023.02.08
ཀརྨ་པ་མཆོག་གིས་ལས་སྨོན་རྟེན་འབྲེལ་ཚང་མ་འཛོམས་པའི་སྐབས་སུ་ང་ཚོ་རྒྱ་གར་ནས་ཞལ་འཛོམས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུག ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག 02/05/2023
@Karmapa

དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྐུ་ཉིད་རྒྱ་གར་ནང་ཕྱིར་ཕེབས་གནང་རྒྱུའི་ཆེད། ད་ལྟ་རྒྱ་གར་གཞུང་དང་བཀའ་མོལ་གནང་མུས་ཡིན་པས་བཀའ་མོལ་ཡག་པོ་བྱུང་ཚེ་རྒྱ་གར་ལ་ཕེབས་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པ་གསུངས་འདུག
དེ་ཡང་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས། ཉེ་ལམ་༢༠༢༣ལོའི་བཀའ་རྒྱུད་སྨོན་ལམ་འཕར་མའི་ཚོགས་མགོན་དུ་དྲ་ཐོག་བརྒྱུད་དབུ་བཞུགས་གནང་གནང་བ་དང་། སྒྲོལ་མ་ལྷ་ལྔའི་ཆོ་གའི་གསུང་ཆོས་བསྩལ་ཞོར་སྤྱི་ཚེས་༥ཉིན། རྒྱལ་དབང་ཀརྨ་པ་མཆོག་གིས། སྐུ་ཉིད་རྒྱ་གར་ནང་ཕྱིར་ཕེབས་གནང་རྒྱུའི་ཆེད། ད་ལྟ་རྒྱ་གར་གཞུང་དང་བཀའ་མོལ་གནང་མུས་ཡིན་པས་བཀའ་མོལ་ཡག་པོ་བྱུང་ཚེ་རྒྱ་གར་ལ་ཕེབས་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པ་མ་ཟད། ཐོག་མར་བལ་ཡུལ་བརྒྱུད་བོད་ནས་ཕེབས་སྐབས་བལ་ཡུལ་ནང་ཚོུད་འགའ་ཤས་ཞིག་ལས་བཞུགས་རྒྱུ་མ་བྱུང་བ་དང་། དེ་ནས་ད་བར་བལ་ཡུལ་ནང་ཕེབས་མྱོང་མེད་སྟབས། མ་འོངས་པར་བལ་ཡུལ་ནང་ཕེབས་ཐུབ་པའི་ཐུགས་རེ་ཆེན་པོ་ཡོད་ལ། དེ་བཞིན་འབྲུག་ཡུལ་ལ་ཆ་མཚོན་ན་འབྲུག་རྒྱལ་སྐུ་གོང་མ་ཚོ་དང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་དང་བཅུ་དྲུག་པ་སོགས་ཀརྨ་པ་རིམ་བྱོན་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་དུས་འབྲུག་ཡུལ་དུ་ཡང་ཕེབས་ཐུབ་པའི་རེ་བ་ཡང་ཆེན་པོ་ཡོད། ལས་སྨོན་རྟེན་འབྲེལ་ཚང་མ་འཛོམས་པའི་སྐབས་སུ་ང་ཚོ་རྒྱ་གར་ནས་ཞལ་འཛོམས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཀའ་གནང་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎