གཞོན་ནུའི་ཟས་བཅད་མཚམས་འཇོག་ཡོང་བའི་འབོད་སྐུལ།

བཀའ་ཁྲི་མཆོག་གིས་ཟས་བཅད་ངོ་རྒོལ་གནང་བཞིན་པའི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་ཡོང་བའི་འབོད་སྐུལ།

2011.05.16

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་པའི་འབོད་བསྐུལ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོ་རྒོལ་ནང་ཞུགས་མཁན་རྣམས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཐོག་ཐུགས་འཚབ་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད་ བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཆེད་མངགས་ལྡི་ལིར་ཕེབས་གནང་ནས་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་མཇལ་འཕྲད་གནང་བ་མ་ཟད་ཁོང་གིས་བཀའ་ཤག་གི་མཚན་ཐོག་བཀའ་ཡིག་ཅིག་ཀྱང་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ལ་གནང་ཡོད་པ་རེད་ བཀའ་བློན་ཁྲི་པའི་ལྷན་དུ་ལྡི་ལི་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོག་བསྟན་པ་ཚེ་རིང་ལགས་ཀྱང་ལྷན་བཅར་གནང་ཡོད་པ་རེད་ བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་དགོན་པའི་དགོན་བདག་ཀིརྟི་རིན་པོ་ཆེས་ཀྱང་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་དང་མཇལ་འཕྲད་གནང་ནས་ཁོང་ཚོའི་ཆོད་སེམས་ཐོག་བསྔགས་བརྗོད་དང་བོད་མིའི་རང་དབང་འཐབ་རྩོད་ཐོག་བོད་མི་རྣམས་པའི་གཟུགས་གཞིའི་གནས་བབས་དེ་ཡག་པོ་དགོས་པར་ཁོང་རྣམས་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་          

ད་ཐེངས་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ཉིན་གྲངས་ ༢༢ པ་དེར་འགྲོ་གི་ཡོད་པ་དང་ངོ་རྒོལ་ནང་ཞུགས་མཁན་དབུས་གཞོན་ལྷན་གྱི་རྒྱུན་ལས་དོན་གྲུབ་ལྷ་དར་ལགས་དང་བསྟན་འཛིན་ནོར་བཟང་ལགས་དང་དཀོན་མཆོག་ཡར་འཕེལ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་བབས་དེ་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་རེད་ གཞོན་ལྷན་གྱི་དགོས་འདུན་ནི་རྒྱ་གཞུང་གིས་བོད་ཀྱི་རྔ་བ་ཀིརྟི་མགོན་པར་བཏང་བའི་དྲག་པོའི་དཔུང་དམག་དེ་དག་འཕྲལ་དུ་ཕྱིར་བསྡུ་དང་བོད་ནང་གི་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་འགྲོལ་དང་ཁོང་རྣམས་ཀྱི་གནས་སྟངས་རྟོག་ཞིབ་ཆེད་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ལྷན་ཚོགས་ཤིག་བོད་ནང་བསྐྱོད་བཅུག་དགོས་པའི་དགོས་འདུན་ཁག་ཅིག་བཏོན་གནང་ཡོད་པ་རེད་ ཡང་གནས་ཚུལ་ནང་འཁོད་གསལ་ལ་གཞིགས་ན་རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་གོང་ཞུས་གཞོན་ལྷན་གྱི་ཟས་བཅད་ངོ་རྒོལ་དེར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎