བཀའ་བློན་ཁྲི་པ་མཆོག་ལ་ཕུལ་བྱུང་གཟེངས་རྟགས་འབུལ་རྒྱུ།

ཨཡིར་ལེན་མཐོག་སློབ་ནས་བཀའ་ཁྲི་མཆོག་ལ་མང་ཚོགས་ལ་གཏམ་བཤད་ཕུལ་བྱུང་གཟེངས་རྟགས་འབུལ་གཏན་འཁེལ་བ།

2012.02.29

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་ཌབ་ལིན་ཁུལ་གྱི་ཏྲི་ནི་ཊི་མཐོ་རིམ་སློབ་གྲྭ་ཆེན་མོའི་CHS ཚན་པས་མང་ཚོགས་ལ་གཏམ་བཤད་ཀྱི་ཕུལ་འབྱུང་གཟེངས་རྟགས་གསེར་གྱི་རྟགས་མ་ཞིག་འབུལ་གཏན་འཁེལ་ཡོད་པ་དང༌། གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་སང་ཉིན་ཕྱི་ཟླ་༣པའི་ཚེས་༡ཉིན་ཏྲི་ནི་ཊི་མཐོ་རིམ་སློབ་གྲྭ་ཆེན་མོར་ཚུགས་གནང་ཡག་རེད་འདུག
ཏྲི་ནི་ཊི་མཐོ་རིམ་སློབ་གྲྭ་ཆེན་མོའི་CHS ཚན་པ་ནི་འཛམ་གླིང་ནང་ནས་བགྲོ་གླེང་གོ་སྒྲིག་གནང་མཁན་ཚོགས་པ་རྙིང་ཤོས་དེ་ཡིན་པ་དང༌། ད་ལྟའི་སྐབས་སུའང་ཏྲི་ནི་ཊི་མཐོ་སློབ་གྱི་གཏམ་གླེང་དང་བགྲོ་གླེང་སྦྱང་བཤད་ཀྱི་བསྟི་གནས་གཙོ་བོ་དེ་ཡིན་པ་རེད།
དེ་སྔོན་གྱི་ཕུལ་བྱུང་གཏམ་བཤད་ཀྱི་གསེར་གྱི་རྟགས་མ་ཐོབ་གནང་མཁན་གྱི་གྲས་སུ་ཨིན་ཇིའི་སྲིད་བློན་ཇོན་མེ་ཇར་དང། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་དང༌། ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ། ཨ་ཡར་ལེནདྲ་སྲིད་འཛིན་ཟུར་པ་ལྕམ་མེ་རི་རོ་སྦིན་སེན་སོགས་ཡོད་པ་རེད།
གོང་ཞུས་བསྟི་གནས་ཁང་གི་འགན་འཛིན་ཇོན་ཨི་གལ་ཡིས་ བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་གཟེངས་རྟགས་དེ་ཕུལ་དགོས་པའི་རྒྱུ་མཚན་འགྲེལ་བཤད་གནང་སྐབས། བཀའ་ཁྲི་མཆོག་གིས་བོད་པའི་མགྲིན་ཚབ་པ་གནང་ནས་འཛམ་གླིང་ཁྱོན་ཡོངས་ལ་བོད་མིའི་ཐོབ་ཐང་རྩོད་ལེན་གྱི་ལས་དོན་སྣེ་འཁྲིད་གནང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎