བཀའ་ཁྲི་མཆོག་རྡོ་རྗེ་གླིང་དུ་འཚམས་གཟིགས་གནང་རྒྱུ།
2011.10.16
༄༅༎བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་རྡོ་རྗེ་གླིང་བོད་མིའི་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ལྷན་ཞུགས་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠ཚེས་༡༨ ནས ༢༣ གཉིས་གསུམ་རིང་བར་བཀའ་ཁྲི་བློ་བཟང་སེངྒེ་མཆོག་རྒྱ་གར་གྱི་རྒྱལ་དྷི་ལིར་གཏན་སྡོད་བོད་མི་མཇལ་འཕྲད་དང་། དེ་རྗེས་བྱང་ཕྱོགས་རྡོ་རྗེ་གླིང་བོད་མིའི་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དང་། དེ་མཚམས་ཀ་ལིམ་སྦུག་ས་གནས་མི་མང་ལ་གསུང་བཤད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་འདུག།
འདི་ཚེས་༡༨ ཉིན་བཀའ་ཁྲི་མཆོག་དྷ་རམ་ས་ལ་ནས་་པ་ཐན་ཀོཏ་(Pathankot) བརྒྱུད་ལྡི་ལིར་ཕེབས་རྗེས་ཕྱི་ཚེས་ ༡༩ ཉིན་ལྡི་ལིར་ས་གནས་བོད་མི་མཇལ་འཕྲད་གནང་རྒྱུ་དང་། ཚེས་༢༠ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦག་ཌོག་རར་ཕེབས་ཐོན་གྱིས་འདི་ཚེས་༢༡ ཉིན་རྡོ་རྗེ་གླིང་བོད་སློབ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོའི་སྐུ་མགྲོན་དང་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་ ཕྱི་ཚེས་༢༢ ཉིན་ཀ་སྦུག་ཏུ་ཕེབས་འབྱོར་གྱིས་ས་གནས་མང་ཚོགས་ལ་གསུང་བཤད་གནང་རྗེས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང། འདི་ཚེས་༢༣ ཉིན་ལྡི་ལི་ནས་མཁའ་ལམ་ཐོག་ཇྭ་མུ་བརྒྱུད་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག། ཕྱོགས་བསྐྱོད་འདི་བཞིན་བཀའ་ཁྲི་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག༎