ཨ་མེ་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་དུས་འཁོར་དབང་ཆེན།

༢༠༡༡ལོར་རྒྱལ་ས་ལྦ་ཤིང་ཀྲོན་དུ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་གནང་མཛད་རྒྱུའི་བཀའ་བཞེས་ཐོབ།

2010.10.09

༄༅༎ཨ་མེ་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་གཙོ་བོར་འགྱུར་བའི་དད་ལྡན་མི་མང་ཚོས་ཇི་ལྟར་གསོལ་བ་འདེབས་དོན་བཞིན་སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས་༧ནས་ཚེས་༡༦བར་ཉིན་གྲངས་བཅའི་རིང་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་གནང་མཛད་རྒྱུའི་བཀའ་བཞེས་ཐོབ་ཡོད་པ་རེད།

དེར་བརྟེན་སྤྱི་ལོ་༢༠༡༡ལོའི་དུས་འཁོར་དབང་ཆེན་འདི་བཞིན་ཨ་མེ་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་ལ་གནང་རྒྱུའི་དོན་སྙིང་གཙོ་བོ་ཞིག་ནི། འཛམ་གླིང་གི་ཞི་བདེའི་ཆེད་དུ་གཙོ་བོ་དམིགས་པ་ཞིག་དང་དེའང་དུས་འཁོར་དབང་ཆེན་འདིའི་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོར་གནང་བའི། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སྐྱེ་བོ་ཀུན་གྱིས་འཛམ་གླིང་འདིའི་ན་ནད་མུག་འཁྲུགས་རྩོད་ཞི་ཞིང་ནས་འཛམ་གླིང་ས་ཡི་གོ་ལའི་སྟེང་འགྲོ་བ་ཐམས་ཅད་ཞི་བདེར་འཁོད་རྒྱུའི་ཐུགས་སྨོན་གཟབ་མོ་གནང་རྒྱུར་བརྟེན། ཕྱོགས་མཐའ་ཁག་ལ་གནས་ཁོད་དད་ལྡན་མི་མང་ཚོས་ཐུགས་སྣང་ཡོང་ཆེད་དྲ་རྒྱའི་ཐོག་གནས་ཚུལ་གསལ་བསྒྲགས་གནང་དོན།

གསུང་ཆོས་གནང་ཡུལ་གྱི་ཚོགས་ཁང་ལྦེ་རའེ་ཛོན་སེན་ཀྲར་(Verizon Center)ཞེས་པའི་ཚོགས་ཁང་དུ་བཀག་མངགས་ཉོ་ཟིན་པ་དེའི་མི་མང་ཆོས་ཞུ་བ་མི་མང་སྟོང་ཚོ་བརྒལ་བ་ཕེབས་བཞུགས་གནང་རྒྱུའི་ཕྱག་འཁྱེར་དེ་ཚོ་གོང་ཚད་གང་དམའ་དམའ་ཡོང་ཐབས་ཀྱི་འབད་བརྩོན་ཞུ་བཞིན་ཡོད་པའི་སྐོར་དང་དེ་བཞིན་སྤྱི་ནོ་༢༠༡༠སྤྱི་ཟླ་༡༠པའི་ཚེས་༡༥ནས་སྤྱི་ཟླ་༡༡པའི་ཚེས་༡༥བར་དམིགས་བསལ་དུས་འཁོར་དབང་ཆེན་གྱི་ཐོག་ཞལ་འདེབས་དང་སྦྱིན་བདག་གནང་མཁན་ཚོར་འབོད་སྐུལ་ཟུས་ཏེ་ཐུགས་དགོངས་ལྟར་སྦྱིན་གཏོང་གནས་སྨིན་ཞུ་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་དེ་བཞིན། སྤྱི་ཟླ་༡༢པའི་ཚེས་༡ནས་བཟུང་དུས་འཁོར་དབང་ཆེན་ཆ་ཚང་གི་ཕྱག་འཁྱེར་དང་དེ་བཞིན་ཐོག་མའི་གསུང་ཆོས་དང་དབང་ཆེན་ཉིན་གྲངས་བདུན་རིང་གི་ཕྱག་འཁྱེར་མངགས་ཉོ་སྤུས་གཟིགས་གནང་མཁན། དེ་བཞིན་སྤྱི་ཟླ་༤པའི་ཚེས་༡ནས་དབང་ཆེན་མཐའ་མའི་ཉིན་གྲངས་བཞི་དང་བརྟན་བཞུགས་ཀྱི་ཕྱག་འཁྱེར་མངགས་ཉོ་གནང་རྒྱུ། དེ་ནས་སྤྱི་ཟླ་༦པའི་ཚེས་༡ནས་བཟུང་ཉིན་རེའི་ཕྱག་འཁྱེར་སྤུས་གཟིགས་གནང་ཆོག་དེའང་ཕྱག་འཁྱེར་ལྷག་མ་ཡོད་མེད་ལ་རག་ལུད་པ་ཞིག་ཡིན་ལུགས་འཁོད་འདུག་པ་ཞིབ་གནས་Kalachakra2011.comཞེས་པའི་དྲ་རྒྱའི་ཐོག་གཟིགས་ཞིབ་གནང་ན་མཁྱེན་རྟོགས་ཐུབ་ངེས་ཀྱི་བརྡ་ཁྱབ་ཅིག་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎