པ་ཀི་སི་ཐན་དྲག་སྤྱོད་པས་གསར་འགོད་པའི་ཁང་པར་མེར་བསྲེཌ།

པ་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པས་གསར་འགོད་པ་ཡོངས་གྲགས་ཅན་ཞིག་གི་ཁང་པ་མེར་བསྲེགས་ཀྱིས་གཏོར་བཅོམ་བྱས་ཡོད་སྐོར།

2009.07.12

༄༅༎པ་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པས་གསར་འགོད་པ་ཡོངས་གྲགས་ཅན་ཞིག་གི་ཁང་པ་མེར་བསྲེགས་ཀྱིས་གཏོར་བཅོམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

པ་ཀི་སི་ཐན་གྱི་རྩོད་རྙོག་ཅན་གྱི་སྦནེར་རྫོང་ནང་དྲག་སྤྱོད་པ་ཚོས་ཇིའོ་ཞེས་པའི་གསར་ལས་ཁང་གི་གསར་འགོད་པ་ཡོངས་གྲགས་ཅན་སྦི་རོཇེ་ཁན་གྱི་ཁང་པར་དྲག་རྒོལ་གྱིས་མེར་བསྲེགས་བཏང་ནས་གཏོར་བཅོམ་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག དེའི་གོང་ལ་ཡང་ས་ཁུལ་དེར་གསར་འགོད་པ་རེ་མན་སྦུ་ནེ་རེ་ཞེས་པའི་ཁང་པར་ཡང་ཊ་ལི་སྦན་གྱི་མི་སྣས་གཏོར་བཤིག་བཏང་ཡོད་འདུག ཡང་གནས་ཚུལ་ནང་ཐོན་པར་གཞིགས་ན་ཊ་ལི་སྦན་གྱི་མི་སྣས་གསར་འགོད་པ་སྦི་རོ་ཇི་ཁན་གྱིས་ཁང་པ་ཟླ་བ་གཅིག་ཙམ་གོང་གཏོར་བཅོམ་གྱིས་གྱོང་གུན་ཆེན་པོ་སྤྲད་ཡོད་འདུག དྲག་རྒོལ་ཐེངས་གཉིས་པ་བྱེད་སྐབས་གསར་འགོད་པ་རང་ཉིད་ཕྱི་རྒྱལ་ལ་ཕྱིན་ནས་བསྡད་མེད་ལུགས་འགྲེལ་བརྗོད་བྱས་འདུག གསར་འགོད་པ་སྦི་རོཇེ་ཁན་གྱིས་དྲག་སྤྱོད་པས་གསར་འགོད་པ་ཚོར་སྡང་རྩུབ་བྱེད་དགོས་དོན་མེད་པས་གལ་སྲིད་ཁོང་ཚོས་གསར་འགོད་པའི་ལས་དོན་མཚམས་འཇོགས་བྱེད་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་ན་དུས་ནམ་ཡང་ལམ་འགྲོ་ཡོང་གི་མ་རེད་ཅེས་གསུངས་ཡོད་འདུག དེའི་དབར་ལ་གྲོང་ཁྱེར་པེ་ཤེ་ལྦར་གསར་འགོད་པ་མཐུན་ཚོགས་ཀྱིས་གྱེན་ལོག་པས་གསར་འགོད་པར་ལོ་མང་གོང་ནས་དྲག་རྒོལ་གྱི་ཉེན་ཁ་ཡོད་མ་ཟད་ད་བར་གསར་འགོད་བཅུ་གསུམ་རྐྱེན་ལམ་དུ་བཏང་ཡོད་ཀྱང་གཞུང་གིས་དེའི་ཐོག་ད་དུང་གང་ཡང་གནང་མེད་སྐོར་སྐྱོན་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎