བྱང་ཀུ་ར་ཡའི་དཀའ་ངལ་ཆེད་དོ་སྣང།

རྒྱལ་སྤྱིའི་དབུ་འཁྲིད་ཁག་ཅིག་གིས་ཀོ་རི་ཡའི་ཕྱེད་གླིང་ནང་གི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་བཅས་པའི་ཐོག་དོ་སྣང་གནང་རྒྱུ་ཡིན་པ་རེད།

2011.04.25

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲར་མཆོག་གིས་དབུ་འཁྲིད་པའི་རྒྱལ་སྤྱིའི་དབུ་འཁྲིད་ཁག་ཅིག་གིས་བྱང་ཀོ་རི་ཡའི་ནང་བཟའ་བཅའི་དཀལ་ངལ་དང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དེ་བཞིན་ཀོ་རི་ཡའི་ཕྱེད་གླིང་ནང་གི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་བཅས་པའི་ཐོག་དོ་སྣང་གནང་རྒྱུ་ཡིན་པ་རེད་ ཨ་རིའི་སྲིད་འཛིན་ཟུར་པ་ཁའར་ཀྲར་མཆོག་གིས་དབུ་འཁྲིད་པའི་རྒྱལ་སྤྱིའི་བགྲེས་ཡོལ་དུ་ཕེབས་པའི་དབུ་འཁྲིད་ནང་ཕིན་ལེནདྲ་གྱི་སྲིད་འཛིན་ཟུར་པ་མའར་ཀྲི་ཨ་ཏི་སའ་རི་མཆོག་དང་ནོར་ལྦེ་ཡུལ་གྱི་སྲིད་བློན་ཟུར་པ་གོརོ་ཧའར་ལེམ་སྦ་རནདྲ་ལེནདྲ་དང་ཨར་ལནདྲ་གྱི་སྲིད་འཛིན་ཟུར་པ་ལྕམ་མཱེ་རི་རོ་སྦིན་སེན་བཅས་ཡིན་པ་རེད་

ཨ་རིའི་སྲིད་འཛིན་ཟུར་པ་ཁའར་ཀྲར་མཆོག་གིས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ད་ཐེངས་རྒྱལ་སྤྱིའི་དབུ་འཁྲིད་ཟུར་པ་རྣམས་ཀྱིས་ཀོ་རི་ཡའི་ཕྱེད་གླིང་ནང་གི་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོགས་ཀྱི་གནད་དོན་ཙམ་མ་ཟད་ཡུལ་དེར་རྒྱལ་སྤྱིའི་ཐོག་ནས་དཔལ་འབྱོར་གྱི་ཉེས་ཆད་འགེལ་བ་དེས་ཡུལ་ནང་བཀྲེས་སྐོམ་གྱི་དཀའ་སྡུག་ཧ་ཅང་གི་ཆེན་པོ་ཡོད་པ་དེ་མེད་པ་བཟོ་རྒྱུར་ཡང་དམིགས་ཡོད་ཅེས་གསུང་འདུག ཁོང་གིས་བྱང་ཀོ་རི་ཡའི་བཀྲེས་སྐོམ་གྱི་དཀའ་སྡུག་ཏེ་ཧ་ཅང་གི་ལྕི་བོ་དང་ང་ཚོས་ལྷོ་ཀོ་རི་ཡ་གཙོས་པའི་རྒྱལ་སྤྱིའི་ཡུལ་ཁག་ཚོས་བྱང་ཀོ་རི་ཡའི་བཀྲེས་སྐོམ་གྱི་དཀའ་སྡུག་དེ་ཆུང་དུ་གཏོང་རྒྱུའི་འབད་བརྩོན་གནང་གི་ཡིན་ཞེས་གསུང་འདུག             ཡང་ཁོང་གིས་ཡུལ་གང་ཞིག་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་བ་དེས་ཡུལ་དེའི་མི་མང་དཀྱུས་མ་མང་ཆེ་བར་དཀའ་སྡུག་འཕྲད་པ་ལས་ཡུལ་དེའི་འགོ་འཁྲིད་རྣམས་ལ་དཀའ་སྡུག་འཕྲད་ཀྱི་མེད་སྐོར་གསུང་འདུག གོང་ཞུས་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇིམ་མི་ཁའར་ཀྲར་མཆོག་གིས་དབུ་འཁྲིད་པའི་རྒྱལ་སྤྱིའི་དབུ་འཁྲིད་རྣམས་ཀྱིས་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་དང་ཐུག་འཕྲད་གནང་རྒྱུའི་འཆར་གཞི་ཡོད་ནའང་ཐུག་འཕྲད་དེ་ད་ལྟ་གཏན་འཁེལ་བྱུང་མེད་པ་རེད་ ཁོང་རྣམས་བྱང་ཀོ་རི་ཡའི་འགོ་འཁྲིད་རྣམས་ཀྱིས་གདན་ཞུ་གནང་བ་ཞིག་ཡིན་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎