ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ལྷན་བོད་སྐོར་གླེང་སློང་གནང་རྒྱུ།

ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག

2009.10.22

༄༅༎ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག

ཁ་ས་ཚེས་ཉི་ཤུ་གཉིས་ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་སློབ་སྟོན་པ་ལྕམ་ལྦེ་ལེ་རི་ཇེ་རེཏ་ལ་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་བཅར་འདྲི་བྱས་ཡོད་པ་རེད། བཅར་འདྲི་དང་ལེན་གནང་པའི་སྐབས་ལྕམ་ལྦེ་ལེ་རི་ཡིས་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ནང་སྲིད་འཛིན་ཨོ་སྦ་མ་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ལྷན་དུ་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུ་ཡིན་པའི་སྐོར་གསལ་སྟོན་གནང་པ་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐབས་གནང་རྒྱུ་དེ་སྲིད་འཛིན་ཨོ་སྦ་མ་མཆོག་ནས་ལས་དོན་གལ་གནད་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་གི་ཡོད་པའི་སྐོར་གསལ་ཁ་གནང་ཡོད་པ་རེད་ ཡང་གོང་གསལ་རོའུ་ཀྲར་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཉེ་སྔོན་བོད་ཀྱི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར་གནང་སྐབས་སྲིད་འཛིན་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་མ་གནང་པའི་རྐྱེན་གནས་ཚུལ་དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡོངས་གྲགས་གླེང་སློང་བྱུང་བའི་གནད་དོན་སྐོར་བཅར་འདྲི་ཞུས་པར་སྲིད་འཛིན་གྱི་སློབ་སྟོན་པ་ལྕམ་སྐུ་ལྦེ་ལེ་རི་ཇེ་རེཏ་ཡིས་སྲིད་འཛིན་ཨོ་སྦ་མ་ཡིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་འགོ་སྟོད་དུ་སྲིད་འཛིན་གྱི་ལས་ཁུངས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུའི་མགྲོན་བརྡ་ཕུལ་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག ལྕམ་སྐུ་ལྦེ་ལེ་རི་ཇེ་རེཏ་ཡིས་གསུངས་ན་སྲིད་འཛིན་ཨོ་སྦ་མ་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་དབར་འབྲེལ་ལམ་ཡོད་མུས་ཡིན་ཞིང་རྒྱ་ནག་ལྷན་དུ་ཡང་འབྲེལ་བ་ཡོད་མུས་རེད་ འབྲེལ་ལམ་དེ་དག་གལ་གནད་ཆེ་ལ་ ང་ཚོའི་ངོས་ནས་ཕྱོགས་གཉིས་ཀའི་ལྷན་དང་འབྲེལ་ལམ་གྱི་སྲིད་ཇུས་བཟུང་ཐུབ་ཀྱི་རེད་བསམ་གྱི་ཡོད་ཅེས་གསལ་སྟོན་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎