རྡུལ་ཕྲན་གྱི་མཚོན་ཆའི་ཐད་ཉི་ཧོང་ནས་རྒྱ་གར་ལ་གནོན་ཤུགས།

ཉི་ཧོང་ཕྱོགས་འགལ་སྲིད་དོན་ཚོགས་པས་རྒྱ་གར་གཞུང་ནས་རྡུལ་ཕྲན་གྱི་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་དོན་སྤེལ་དགོས་པའི་གནོན་ཤུགས་སྤྲད་པ།

2008.10.23

༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དེང་ཉི་ཧོང་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པའི་སྐབས་ཉི་ཧོང་གི་ཕྱོགས་འགལ་སྲིད་དོན་ཚོགས་པས་རྒྱ་གར་གཞུང་ནས་རྡུལ་ཕྲན་གྱི་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་དོན་སྤེལ་དགོས་པའི་གནོན་ཤུགས་སྤྲད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་སྲིད་བློན་མཆོག་དེང་ཉི་ཧོང་ནང་ཉིན་གསུམ་རིང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་བརྒྱུད་ཡུལ་གྲུ་གཉིས་དབར་ཚོང་འབྲེལ་རྒྱ་བསྐྱེད་གཏོང་བ་དང་ལྷག་པར་དུ་ཕན་ཚུན་ཞི་བའི་རྡུལ་ཕྲན་མཉམ་ལས་ཀྱི་གཞི་བསྐྲུན་ཐབས་ཀྱི་དགོངས་གཞི་གཙོ་དོན་གནང་ཡོད་པ་རེད་ དེ་རིང་གཟིགས་སྐོར་གྱི་ཉིན་མཐའ་མ་ཡིན་ཞིང་ད་ཕན་གཟིགས་སྐོར་དེའི་ཐོག་ཚོང་དོན་དང་འབྲེལ་བའི་བུན་ལོན་གྱི་གན་རྒྱ་འཇོག་པ་དང་ཡང་རྒྱལ་ཁབ་གཉིས་དབར་དམག་དོན་གྱི་ཐད་ནས་འབྲེལ་བ་མདུན་བསྐྱོད་གཏོང་རྒྱུའི་ཁས་ལེན་བྱུང་ཡོད་པ་རེད་ ཡིན་ཡང་ནུས་ཤུགས་མཁོ་འདོན་དང་འབྲེལ་བའི་རྡུལ་ཕྲན་གྱི་ལས་གཞིའི་ཐོག་ལ་ཉི་ཧོང་གིས་རྒྱ་གར་དང་མཐུན་འབྲེལ་བྱ་རྒྱུའི་དོགས་ཟོན་བྱེད་བཞིན་པ་མ་ཟད་ཉེ་སྔོན་རྒྱ་གར་དང་ཨ་རི་དབར་བཞག་པའི་ཞི་བའི་ལས་དོན་ཆེད་རྡུལ་ཕྲན་མཉམ་ལས་ཀྱི་གྲོས་མཐུན་ལའང་ཉི་ཧོང་གི་བློ་དོགས་ཆེན་པོའི་ངང་ནས་མཐར་རྒྱབ་བསྐྱོར་བྱས་ཡོད་པ་རེད་ ཁ་ས་རྒྱ་གར་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ཀྱི་བཟུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ནུས་ཤུགས་མཁོ་འདོན་ཆེད་རྒྱ་གར་ངོས་ནས་ཉི་ཧོང་དང་ཞི་བའི་རྡུལ་ཕྲན་མཉམ་ལས་བྱ་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པ་དང་རྡུལ་ཕྲན་གྱི་ནུས་ཤུགས་བེད་སྤྱོད་བྱས་པ་བརྒྱུད་རྒྱ་གར་ནང་མཁའ་རླུང་སྦག་བཙོག་གི་ཚད་གཞི་དམའ་རུ་གཏོང་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་རྒྱུ་ཡིན་སྐོར་གསུང་འདུག ཉི་ཧོང་གི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ཡུ་ཀི་ཡོ་ཧ་ཏ་ཡ་མས་རྒྱ་གར་གཞུང་ནས་རྡུལ་ཕྲན་གྱི་ལས་གཞི་ཡོངས་རྫོགས་ཕྱི་གསལ་ནང་གསལ་ཡོང་བའི་རེ་འདུན་སྟོན་པ་དང་ཕྱོགས་མཚུངས་རྒྱ་གར་ནང་རིམ་བཞིན་རྡུལ་ཕྲན་གྱི་གོ་མཚོན་རྩ་མེད་བཟོ་རྒྱུའི་ལས་དོན་འགོ་བཙུགས་ཡོང་བའི་རེ་བ་ཡོད་ཅེས་གསལ་འདོན་གནང་པ་ལས་གཞན་རྒྱ་གར་དང་ཞི་བའི་རྡུལ་ཕྲན་མཉམ་ལས་གནང་ཕྱོགས་ཐད་དགོངས་ཚུལ་གང་ཡང་གསུངས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎