ཉི་ཧོང་གི་དབུ་ཁྲིད་གསར་པ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ།
2008.10.05
༄༅༎རྒྱལ་ས་ཊོཀ་ཡོ་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཉི་ཧོང་གི་སྲིད་བློན་གསར་པ་ཏ་རོ་ཨ་སོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་དང་ཉི་ཤུ་ལྔ་ཉིན་གཉིས་རིང་བེ་ཅིང་ནང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཚོགས་ཆེན་ཐོག་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་དང་སྲིད་བློན་ལྦན་ཅ་པོ་རྣམ་གཉིས་ཟུར་མཇལ་གནང་གཏན་འཁེལ་ཡོད་ལུགས་ཀིཡོ་ཏོ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག
ཉི་ཧོང་གི་སྲིད་བློན་ཟུར་པ་ཇུ་ནི་ཆི་རོ་ཀིཨི་ཛུ་མི་ཡི་གཞུང་འཛིན་སྐབས་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་ཀྱང་ད་ཆ་རིམ་པས་དེ་སྔའི་འབྲེལ་ལམ་བསྐྱར་གསོ་གནང་མུས་ཡོད་པ་རེད་ དཔེར་ན་སྲིད་བློན་ཟུར་པ་ཡ་སུའོ་ཕ་ཀུ་ཌ་མཆོག་གིས་ཡུལ་གཉིས་ཀྱི་མཛའ་འབྲེལ་བསྐྱར་གསོའི་ཆེད་དུ་རྒྱ་ནག་ནང་འཚམས་འདྲིའི་གཟིགས་སྐོར་ཐེངས་གཉིས་གནང་ཡོད་པ་མ་ཟད་འདི་ལོ་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཡང་ཉི་ཧོང་ནང་འཚམས་འདྲིའི་གཟིགས་སྐོར་དུ་བསྐྱོད་པ་དེ་ནི་འདས་པའི་ལོ་བཅུའི་ནང་དེ་འདྲའི་གཟིགས་སྐོར་ཐོག་མ་ཡིན་པ་རེད༎