ཉི་ཧོང་གིས་ཨ་རི་དང་མཉམ་འབྲེལ་ལས་དོན་ཐག་ཉེ་རུ་གཏོང་བ།


2015.03.31
ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས། ༢༠༡༤།༤།༢༤ ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས། ༢༠༡༤།༤།༢༤
པར། AFP

ཉི་ཧོང་གི་སྲིད་འཛིན་མཆོག་གིས་ཉི་ཧོང་དང་ཨ་རིའི་དམག་དཔུང་གི་མཉམ་འབྲེལ་ལས་དོན་བློ་ཐག་ཉེ་རུ་གཏོང་ཐབས་གནང་བཞིན་པ་རེད།
དེ་ཡང་ཉི་ཧོང་གི་ཁྲིམས་ལུགས་ལ་བསྒྱུར་བཅོས་བཏང་བའི་རྗེས་ཉི་ཧོང་གི་སྲིད་འཛིན་སྐུ་ཞབས་Shinzo Abe མཆོག་གིས། ཨེ་ཤེ་ཡའི་མངའ་ཁུལ་ནང་ཉི་ཧོང་དང་ཨ་རིའི་དམག་དཔུང་གི་མཉམ་འབྲེལ་གྱི་ལས་དོན་བློ་ཐག་ཉེ་རུ་གཏོང་ཐབས་འབད་བརྩོན་གནང་གི་ཡོད་པ་རེད། གནས་ཚུལ་ལྟར་ན། ཉི་ཧོང་གཞུང་ཕྱོགས་ནས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ལ་ཨ་རིའི་དམག་དཔུང་དང་ལྷན་དུ་དམག་རྩལ་སྦྱོང་བརྡར་དང་བྱེད་སྒོ་ཁག་གཞི་རྒྱ་ཆེ་རུ་དང་མཉམ་ལས་བྱ་སྲིད་པ་ཡིན་ཞིང། ལྷོ་རྒྱ་ནག་གི་རྒྱ་མཚོ་དེ་ཡི་རྒྱ་ཁྱོན་ཡོངས་རྫོགས་སམ་ཆ་ཤས་ཤིག་རྒྱ་ནག་དང། Vietnam, Philippinesསོགས་ཀྱིས་སོ་སོའི་ས་ཁོངས་ཀྱི་བདག་དབང་ཡོད་པ་རྩོད་ལེན་བྱེད་པའི་རྙོག་གྲ་ཡོད་པ་རེད།
ན་ནིང་སྲིད་འཛིན་སྐུ་ཞབས་Shinzo Abeམཆོག་གི་བློན་ཆེན་ལྷན་ཁང་ནས་ཉི་ཧོང་གི་དམག་དཔུང་གིས་ཐོུང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་དམག་རྩལ་སྦྱོང་བརྡར་གྱི་ཐོབ་ཐང་སྤྲོད་དགོས་པའི་སྐོར་གྲོས་འཆམ་ཐག་གཅོད་བྱུང་བ་དེ་ཉི་ཧོང་གྲོས་ཚོགས་ནས་ཁྲིམས་མཐུན་གཏན་འབེབས་ཡོང་ཐབས་སུ། མ་འོངས་པའི་ཟླ་བ་འགའ་ཤས་ནང་སྲིད་འཛིན་སྐུ་ཞབས་Shinzo Abeམཆོག་གི་གཞུང་ཕྱོགས་ནས་གྲོས་ཚོགས་སུ་འབུལ་ལམ་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད། སྲིད་འཛིན་གྱི་བློན་ཆེན་ལྷན་ཁང་ནས་ཐག་གཅོད་གནང་བའི་གྲོས་མཆོད་དེར་གྲོས་ཚོགས་ཐོག་མང་མོས་ཀྱི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྔོན་དཔག་གནང་གི་ཡོད་པ་རེད།
ཉི་ཧོང་གཞུང་གིས། ཉི་ཧོང་ནི་འཛམ་གླིང་གི་ས་ཆ་གང་དུ་གནས་པའི་རྒྱལ་སྤྱིའི་མཁའ་དབྱིངས་དང་རྒྱ་མཚོའི་ཐོག་ལ་སྦྱོང་བརྡར་དང་བྱེད་སྒོ་སྤེལ་རྒྱུར་འགན་དབང་དང་ནུས་པ་ལྡན་པར་ངོས་འཛིན་གནང་གི་ཡོད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་Hua Chunyingགིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག ཉི་ཧོང་དང་ཨ་རི་མཐུན་ཕྱོགས་ཡུལ་གྲུ་གཉིས་པོས་དམིགས་ཡུལ་གྱི་གྲུབ་ཆ་ལས་འགལ་འཛོལ་བྱ་མི་ཆོག་པ་དང་། ལྷག་པར་དུ་ས་ཁུལ་དེའི་ནང་གི་རྒྱལ་ཁབ་ཚོའི་སྲུང་སྐྱོབ་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་ཆོག་གི་མ་རེད་ཟེར་བཤད་དེ། རྒྱ་ནག་ཕྱོགས་ནས་ཉི་ཧོང་དང་ཨ་རིའི་མཉམ་ལས་ཀྱི་ལས་དོན་དང་ཡུལ་གྲུ་གཉིས་པོའི་འབྲེལ་ལམ་འཕེལ་རྒྱས་ཀྱི་ནུས་པ་དེ། ས་ཁུལ་དེའི་ནང་དུ་ཡོད་པའི་རྒྱལ་ཁབ་ཚོའི་ཞི་བདེ་དང་ཡར་རྒྱས་བརྟན་ལྷིང་དང་མཐུན་པ་དང་ཕན་ཐོགས་སྐྲུན་ཐུབ་པ་ཞིག་གི་ཕྱོགས་སུ་བེད་སྤྱོད་གཏོང་དགོས་པའི་སྐོར་བཤད་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎