དགེ་འདུན་པ་བྱང་ཆུབ་རྒྱལ་མཚན་གློད་བཀྲོལ་བཏང་ཡོད་པ།


2014.08.09
དགེ་འདུན་པ་བྱང་ཆུབ་རྒྱལ་མཚན་གློད་བཀྲོལ་བཏང་ཡོད་པ། བྱང་ཆུབ་རྒྱལ་མཚན་ལགས་གློད་བཀྲོལ་རྗེས་འབའ་ཤིང་ཁྲི་དགོན་པའི་སློབ་གླིང་དུ་འབྱོར་སྐབས་ཆོས་གྲོགས་དགེ་འདུན་པ་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ།
བོད་ནས་བཏང་བ།

༄༅༎བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།  མཚོ་སྔོན་འབའ་རྫོང་གི་དགེ་འདུན་པ་བྱང་ཆུབ་རྒྱལ་མཚན་ལགས་ལོ་གཉིས་རིང་མཚོ་སྔོན་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་རྗེས། ཕྱི་ཟླ་༧པའི་ཚེས་༢༨ཉིན་གློད་བཀྲོལ་བཏང་ཡོད་པ་དང་།  ཕྱི་ཟླ་བརྒྱད་པའི་ཚེས་༨ཉིན་ཁོང་འབའ་ཤིང་ཁྲི་དགོན་པའི་སློབ་གླིང་དུ་འབྱོར་སྐབས།  ཆོས་གྲོགས་དགེ་འདུན་པ་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།  ཡིན་ནའང་ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་དང་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་ཞེས་ས་གནས་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་འདུག   
སྐུ་ཞབས་བྱང་ཆུབ་རྒྱལ་མཚན་ལགས་ནི། ཕྱི་ལོ་༢༠༡༢་ཟླ་གསུམ་པའི་ཚེས་༡༨ཉིན་མཚོ་སྔོན་མཚོ་ལྷོ་ཁུལ་གད་པ་སུམ་མདོ་འམ་འབའ་རྫོང་གི་འབའ་ཤིང་ཁྲི་དགོན་པའི་དགེ་འདུན་པས་གཙོས་ས་གནས་བོད་མི་སྟོང་ཚོ་བརྒལ་བས། རྒྱ་ནག་གི་དྲག་པོའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་བའི་སྐབས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་།  སྐབས་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་མ་ཟད་བོད་མི་སེར་སྐྱ་མི་གྲངས་༦༠མ་ཟིན་ཙམ་ཞིག་འཛིན་བཟུང་བྱས་ཡོད་པའི་ནང་ནས་ཁག་ཅིག་དུས་ཡུན་ཐུང་ངུའི་ནང་གློད་བཀྲོལ་བཏང་ཡོད་ཀྱང་། ཤིང་ཁྲི་དགོན་པའི་དགེ་འདུན་ཉི་ཤུ་ཡས་མས་ཤིག་གློད་བཀྲོལ་མ་བཏང་བར་བཀག་ཉར་བྱས་རྗེས། ཉེ་བའི་ཕྱི་ཟླ་བདུན་པའི་ཚེས་༡༤ཉིན་ཁོང་ཚོའི་ནང་ནས་དགེ་འདུན་བསྟན་འཛིན་རིག་གྲོལ་ལགས་གློད་བཀྲོལ་བཏང་ཡོད་ཅིང་།  ད་དུང་ཡང་ཁོང་ཚོའི་ནང་ནས་ཉུང་མཐར་ཡང་བོད་མི་གཉིས་བཙོན་འཇུག་བྱེད་མུས་ཡིན་འདུག   ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་གིས་འབའ་ཤིང་ཁྲི་དགོན་པར་ལས་དོན་རུ་ཁག་མངགས་གཏོང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་ཡང་ནས་ཡང་དུ་སྤེལ་བ་དང་དགོན་པར་ཕྱོགས་ཡོངས་ནས་དམ་བསྒྲགས་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད༎

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎