འབྲི་རུའི་གླུ་བ་མགོན་པོ་བསྟན་འཛིན་ལགས་བཙོན་གྲོལ་བྱུང་འདུག


2018.08.03
འབྲི་རུའི་གླུ་བ་མགོན་པོ་བསྟན་འཛིན་ལགས་བཙོན་གྲོལ་བྱུང་སྐབས། ༢༠༡༨།༨།༢ འབྲི་རུའི་གླུ་བ་མགོན་པོ་བསྟན་འཛིན་ལགས་བཙོན་གྲོལ་བྱུང་སྐབས། ༢༠༡༨།༨།༢
བོད་འབྱོར།

ལ་རྒྱའི་གླུ་དབྱངས་བླངས་བ་བརྟེན་འཛིན་བཟུང་བཙོན་འཇུག་བྱས་བའི་གླུ་བ་འབྲི་རུའི་མགོན་པོ་བསྟན་འཛིན་ལགས་བཙོན་གྲོལ་བྱུང་འདུག
དེ་ཡང་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། དེ་སྔ་བོད་ནང་མཐུན་སྒྲིལ་དང་ལ་རྒྱའི་ནང་དོན་ཡོད་པའི་གླུ་བླངས་ནས་འོད་སྡེར་བཏོན་པར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་དང་ཁྲིམས་ཐག་བཅད་པའི་གླུ་བ་མགོན་པོ་བསྟན་འཛིན་ལགས་སྤྱི་ལོ་༢༠༡༨་ལོའི་ཟླ་༨་ཚེས་༢་ཉིན་བཙོན་འཇུག་དུས་ཡུན་གཙང་ནས་བཙོན་གྲོལ་བྱུང་ཡོད་འདུག ཡིན་ན་ཡང་ཁོང་གི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་ཇི་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མེད་པ་བརྗོད་བྱུང་།
འབྲེལ་ཡོད་མི་སྣས། མགོན་པོ་བསྟན་འཛིན་ལགས་ཀྱིས་གླུ་གཞས་འོད་སྡེར་བཏོན་པ་དང་། ལྷག་དོན་གླུ་གཞས་ནང་གངས་ཅན་བོད་ལ་ལོ་གསར་གང་ན་ཡོད་ཅེས་བ་སོགས་ལ་རྒྱའི་ནང་དོན་ཡོད་པའི་གླུ་གཞས་བཏང་བར་བརྟེན་ས་གནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཏང་བར་བརྟེན་དུས་ཡབ་གང་ཙམ་རིང་ཉེན་གཡོལ་གསང་ཡིབ་ཐོག་གནས་འདུག་པ་དང་།   རྗེས་སུ་རྒྱ་ནག་གཞུང་གི་ལྷ་སའི་ཉེན་རྟོག་པས་སྤྱི་ལོ་༢༠༡༣ལོའི་ཕྱི་ཟླ་༡༡པའི་ནང་འཛིན་བཟུང་བྱས་ནས་ལོ་གཅིག་དང་ཟླ་བ་དྲུག་ཙམ་རིང་ཁྲིམས་གཤེར་སོགས་གང་ཡང་མེད་པར་བཀག་ཉར་བྱས་ཅིང་།  མཐོར་ཕྱི་ལོ་ ༢༠༡༥ ཕྱི་ཟླ་༤པའི་ཚེས་༡༥ཉིན་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ཁང་གིས་ལོ་ངོ་གསུམ་དང་ཟླ་བ་དྲུག་གི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་མ་ཟད། ཉིན་དེ་ནས་བཟུང་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུའི་ཡིག་ཆའང་དོ་བདག་ལ་སྤྲད་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་ནས་ཡིན་པ་གླུ་བ་འཕྲིན་ལས་ཚེ་དཀར་ལཊ་ཀྱང་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
མགོན་པོ་བསྟན་འཛིན་ལགས་ནི་ནགས་ཤོད་འབྲི་རུ་རྫོང་ཤག་ཆུ་གྲོང་ནས་ཡིན་པ་དང། ད་ལྟ་དགུང་ལོ་༣༢་ཙམ་ཡིན་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎