གླུ་པ་སོག་ཕྲུག་བཀྲིས་དོན་གྲུབ་ལགས་འཛིན་བཟུང་བྱས་ཡོད་པ།

འདི་ཕྱི་ལོ་༥༨དང་ཉིས་སྟོང་བརྒྱད་ལོ་ཞེས་པའི་གླུ་གཞས་དེ་བཏང་གནང་མཁན་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཞུ་མཁན་དེ་ཡིན་པའི་གནས་ཚུལ།

2009.02.08

༄༅༎འདི་ཕྱི་ལོ་༥༨དང་༢༠༠༨ལོ་ཞེས་པའི་གླུ་གཞས་དེ་བཏང་གནང་མཁན་སོག་ཕྲུག་ཤེས་རབ་ལགས་མ་ཡིན་པར་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཞུ་མཁན་དེ་ཡིན་པའི་སྐོར་བོད་ནང་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་ཞིག་གིས་གསུངས་བཞག

བོད་མདོ་སྨད་རྨ་ལྷོ་སོག་རྫོང་ནས་ཡིན་པའི་གླུ་པ་སོག་ཕྲུག་ཤེས་རབ་ལགས་ཀྱིས་ཕྱི་ལོ་༥༨དང་༢༠༠༨ཞེས་པའི་གླུ་གཞས་བཏང་བའི་ཉེས་འཛུགས་འོག་རྒྱ་མིས་ཁོང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་ཉེ་ལམ་ཕྱི་ཕྱོགས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་ཡོད་རུང་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་བོད་ནང་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་གཅིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་ཕྱི་ལོ་༥༨དང་༢༠༠༨ཞེས་པའི་གླུ་གཞས་དེ་བཏང་མཁན་སོག་ཕྲུག་ཤེས་རབ་ལགས་མ་ཡིན་པར་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཡིན་པ་དང་གླུ་གཞས་དེ་བཏང་བའི་ཉེན་ལེན་ལ་བརྟེན་ནས་ཁོང་རྒྱ་མིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་མིག་སྔར་སྤྱི་ཚོགས་ནང་ཁྱབ་བཞིན་ཡོད་པ་རེད།

དེ་ཡང་བོད་ནས་འགྲེལ་བརྗོད་གནང་མཁན་གྱི་མི་སྣ་དེས་གསུངས་ན་སོག་ཕྲུག་བཀྲིས་དོན་གྲུབ་ལགས་ཀྱིས་གོང་གི་གླུ་གཞས་དེ་ཡོད་པའི་རོལ་གཞས་ཀྱི་སྒྲ་འཁོར་སི་ཌི་གསར་པ་ཞིག་འདོན་སྤེལ་གནང་རྒྱུའི་གྲ་སྒྲིག་ཆ་ཚང་གནང་ཡོད་རུང་སྒྲ་འཁོར་སི་ཌི་དེའི་ནང་གི་ཕྱི་ལོ་༥༨དང་༢༠༠༨ལོ་ཞེས་པའི་གླུ་གཞས་ཀྱི་ནང་དོན་གྱི་རྐྱེན་པས་སྒྲ་འཁོར་དེ་འགྲེམས་སྤེལ་གནང་ཐུབ་མེད་པ་རེད། ཡིན་ནའང་ཁོང་གིས་བཏང་གནང་བའི་གོང་ཞུས་གླུ་གཞས་དེ་བོད་ཀྱི་ས་ཁུལ་མང་པོའི་ནང་མང་ཚོགས་ཀྱི་ལག་འཁྱེར་ཁ་པར་དང་དྲ་རྒྱའི་ཐོག་ཁྱབ་ཡོད་པ་མ་ཟད་བོད་མི་མང་པོ་ཞིག་གིས་གླ་གཞས་དེར་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་བོད་ནས་ཞལ་པར་གནང་མཁན་དེས་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པར་འགྲེལ་བརྗོད་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎