ཧོང་ཀོང་གློག་བརྙན་འཁྲབ་མཁན་ཇེ་ཀི་ཆེན་ཤར་ཏི་མུར་ནང།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་འབྲེལ་སྐུ་ཚབ་ཀྱི་མིང་ཐོག་ནས་ཧོང་ཀོང་གི་གློག་བརྙན་འཁྲབ་མཁན་ཇེ་ཀི་ཆེན་ཤར་ཏི་མུར་ནང་གི་འཚམས་གཟིགས་ཕེབས་འདུག

2008.06.26

༄༅༎ཧོང་ཀོང་གི་གློག་བརྙན་འཁྲབ་མཁན་ཇེ་ཀི་ཆེན་འམ་གྲང་ལུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་འབྲེལ་སྐུ་ཚབ་ཀྱི་མིང་ཐོག་ནས་ཤར་ཏི་མུར་ནང་གི་འཚམས་གཟིགས་དེ་བཞིན་གཟའ་ཕུར་བུའི་ཉིན་མཇུག་སྒྲིལ་ཡོད་པ་དང༌། ཁོང་ཤར་ཏི་མུར་ནས་ཕྱིར་ཐོན་མ་གནང་སྔོན་གསར་འགོད་པ་ཚོར་བརྗོད་པར། ཁོང་གི་དྲག་རྩལ་དང་དགོད་བྲོའི་ནང་དོན་མཚོན་པའི་གློག་བརྙན་གསར་པ་ཞིག་བཟོ་སྐྲུན་བྱེད་འཆར་ཡོད་པ་དེའི་ནང་ཤར་ཏི་མུར་དེ་བཞིན་རྒྱབ་ལྗོངས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང༌། དེར་བརྟེན་ཤར་ཏི་མུར་གཞུང་དང་མི་མང་ཚོར་དེའི་ཐོག་རང་སོ་སོའི་བསམ་འདུན་མཚོན་པའི་ཡི་གེ་གཏོང་རྒྱུའི་འབོད་སྐུལ་ཞུས་པའི་སྐོར་གསལ་བཤད་བྱས་ཡོད་པ་རེད། ངས་འདས་པའི་ལོ་ཟླའི་ནང་ཤར་ཏི་མུར་ནང་དམག་འཐབ་ཁོ་ན་བྱས་ནས་བསྡད་པ་ཞིག་མཐོང་གི་ཡོད་། དེར་བརྟེན་ཡུལ་གྲུ་གསར་པ་དེའི་ནང་ཞི་བདེ་བརྟན་ལྷིང་ནམ་ཡང་གནས་རྒྱུའི་ནང་དོན་མཚོན་པའི་བརྡ་ལན་སྤྲོད་ཀྱི་ཡོད་ཅེས་བརྗོད་འདུག ལོ་ངོ་ཉི་ཤུ་རྩ་བཞིའི་རིང་ཨིན་ཌོ་ནེ་ཤི་ཡའི་དབང་འཛིན་འོག་ཏུ་གནས་པའི་ཤར་ཏི་མུར་དེ་བཞིན་ཕྱོ་ལོ་ཉིས་སྟོང་གཉིས་ལོར་རང་བཙན་ཐོབ་སྟེ་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་གསར་ཤོས་དེ་ཆགས་ཡོད་པ་རེད། ཡིན་ནའང་ཤར་ཏི་མུར་ནང་གཞོན་སྐྱེས་ཚོར་ལས་ཀ་མི་རག་པ་སོགས་འཚོ་ཐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པར་བརྟེན་ནས་ ཡུལ་དེའི་གཞོན་སྐྱེས་མང་པོ་ཞིག་དྲག་ལས་ནང་བཞུགས་ནས་ཡུལ་དེའི་ཞི་བདེ་བརྟན་ལྷིང་ལ་གནོད་སྐྱོན་ཕོག་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎