ཨི་ཊ་ལིིའི་གྲོས་ཚོཌ་ཚོཌ་མི་བཞུཌ་སྒར་དུ་འཚམས་འདྲི།
2011.10.04
༄༅༎ཨི་ཊ་ལི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཞུགས་སྒར་དུ་འཚམས་འདྲིར་ཕེབས་ཏེ། བཙན་བྱོལ་བོད་མིའི་འཛིན་སྐྱོང་དང༌། གྲོས་ཚོགས་སུ་གཟིགས་ཞིབ་གནང་ཡོད་རེད།
དེ་ཡང་ཨི་ཊ་ལི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་ཕྱི་ཟླ་དགུ་པའི་ཚེས་༣༠ ནས་བཞུགས་སྒར་རྡ་རམ་ས་ལའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་འཚམས་འདྲིར་ཕེབས་ཏེ། ཁོང་རྣམས་ཀྱིས་ཕྱི་ཟླ་བཅུ་པའི་ཚེས་༡ ཉིན་བཙན་བྱོལ་བོད་མིའི་གྲོས་ཚོགས་སྐབས་༡༥ པའི་ཚོགས་དུས་གཉིས་པའི་ཐོག་གཟིགས་ཞིབ་གནང་བ་དང༌། ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་གནང་ཡོད་པ་རེད། དེ་རྗེས་ཕྱི་ཚེས་༡ ཉིན་ཉིན་རྒྱབ་ཏུ་རྡ་ས་བོད་ཁྱིམ་སློབ་གྲར་གཟིགས་ཞིབ་གནང་བར་ཕེབས་ཡོད་ཅིང༌། དེ་ནས་ཕྱི་ཟླ་བཅུ་པའི་ཚེས་༢ ཉིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུ་ཚབ་རྣམས་ལ་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་ཕུལ་ཡོད་པ་རེད།