བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཉེ་བའི་གུར་གའོ་ས་གནས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས་དབུ་ཚུགས་གནང་ཡོད་འདུག

2008.11.29

༄༅༎ཕྱི་ཚེས་ཉི་ཤུ་དགུ་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་དུས་ཡུན་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཉེ་བའི་གུར་གའོ་ས་གནས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས་དབུ་ཚུགས་གནང་ཡོད་པ་དང་ལྷན་ཚོགས་དེའི་ཐོག་འཛམ་གླིང་ཡུལ་གྲུ་ཁག་གསུམ་ཅུ་ཙམ་ནས་བོད་དོན་རྒྱབ་སྐྱོར་བའི་འཐུས་མི་མི་གྲངས་བརྒྱ་ལྷག་ཚོགས་བཞུགས་གནང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་བཀའ་སློབ་གསུང་འཕྲིན་བསྩལ་ཡོད་པ་དང་དེ་བཞིན་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་དེ་བཞིན་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་སོགས་ཀྱིས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད། ད་རེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེའི་ཐོག་གཙོ་བོ་མ་འོངས་བོད་དོན་རྒྱབ་སྐྱོར་ལས་དོན་སྤེལ་ཕྱོགས་ཐད་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་ཚོའི་དབར་ཕན་ཚུན་བགྲོ་གླེང་དང་གོ་བསྡུར་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎