བོད་ཀྱི་གཙུག་ལག་སློབ་གྲར་རྒྱ་གར་བ་མང་པོ་སློབ་འཇུག
2011.10.03
༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་གྲར་བོད་ཀྱི་སྐད་ཡིག་དང་ རིག་གཞུང་སྐོར་ ཤེས་འདོད་ཆེ་བའི་རྒྱ་གར་བ་མང་པོས་སློབ་འཇུག་བྱེད་ཀྱི་ཡོད་པའི་སྐོར་གཙུག་ལག་སློབ་གྲའི་འགན་འཛིན་གཞོན་པ་ སྐུ་ཞབས་ཚེ་དབྱངས་བྱ་ངོས་པ་ཞུ་བས་གསུང་ཡོད་པ་ རྒྱ་གར་གྱི་གསར་འགྱུར་ཚན་པ་ Press Trust of India ཞེས་པས་ཁ་ཉིན་ ལྷ་ས་ནས་གནས་ཚུལ་སྤེལ་འདུག་ ཁོང་གིས་གསུང་གསལ་ལྟར་ན་ བོད་ཀྱི་མཐོ་སློབ་ཁང་དེར་ རྒྱ་གར་དང་ ཉི་ཧོང་ ཀེནེཌ་ ཨི་ཊ་ལི་སོགས་ འཛམ་གླིང་གི་
རྒྱལ་ཁབ་ ༣༠ ཙམ་ནས་ སློབ་ཕྲུག་མང་པོས་སློབ་ཚན་འདྲ་མིན་ནང་སློབ་འཇུག་བྱེད་པར་ཡོང་གི་ཡོད་པ་དང་ དམིགས་སུ་བཀར་ནས་ རྒྱ་གར་ནས་ཡོང་བའི་སློབ་ཕྲུག་ཚོས་ བོད་ཀྱི་སྐད་ཡིག་དང་ རིག་གཞུང་ རྒྱལ་རབས་ལོ་རྒྱུས་སོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལུགས་ ཚེ་དབྱངས་ལགས་ཀྱིས་གསལ་བཤད་གནང་འདུག་ བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་སློབ་གྲ་དེའི་ནང་ སློབ་ཕྲུག་ ༨༠༠༠ ཙམ་ཡོད་པ་དང་ མཐོ་སློབ་ཁང་ ༡༣ ཡོད་པ་རེད་ ཡིག་ཐོག་གི་རིག་གཞུང་དེབ་བཀོད་གནང་མཁན་ ཚེ་དབང་ལགས་ཞུ་བས་གསུང་དོན་ལྟར་ན་གཙུག་ལག་སློབ་གྲའི་ནང་ཤེས་ཡོན་གྱི་མཐུན་རྐྱེན་ཁྱད་ཅན་ཞིག་ནི་སའན་སི་ཀི་རིཏ་(Sanskrit) འམ་ ལེགས་སྦྱར་གྱི་སྐད་ཡིག་ནང་བྲིས་པའི་ཆེས་ གནའ་བོའི་དུས་སྐབས་ཀྱི་དཔེ་ཆ་ཤིན་ཏུ་མང་པོ་བདག་གཅེས་བྱས་ཡོད་པ་རེད་