རྒྱ་གར་དུ་ས་སྣུམ་རིན་གོང་སྤར་བར་ངོ་རྒོལ།

རྒྱ་གར་རྒྱལ་ཡོངས་སུ་ས་སྣུམ་རིན་གོང་སྤར་ཆ་བྱེད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

2012.05.31

༄༅༎ཉེ་ཆར་རྒྱ་གར་གཞུང་ནས་ས་སྣུམ་གྱི་རིན་གོང་སྤར་ཆ་གནང་ཡོད་པར་བརྟེན་མང་ཚོགས་ཀྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད་པས་མ་ཟད་ཕྱོགས་འགལ་ཚོགས་པ་ཚོས་ཀྱང་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུའི་གོ་སྐབས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད། དེ་རིང་གཟའ་ཕུར་བུའི་ཉིན་ཕྱོགས་འགལ་ཚོགས་པ་ཚང་མ་མཉམ་རུབ་དང་། ཚོང་པའི་མཐུན་ཚོགས་བཅས་ཚང་མས་ངོ་རྒོལ་གྱི་ཚུལ་དུ་གྲོང་ཁྱེར་ཆེ་ཆུང་ཚང་མའི་ཚོང་ཁང་སྒོ་རྒྱབ་པས་མ་ཟད་གྲོང་ཁྱེར་ཆེ་ཁང་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད། དེ་ཡང་ཕྱོགས་འགལ་ཚོགས་པ་ཆེ་ཤོས་བྷི་ཇེ་པིའི་མགྲིན་ཚབ་པ་པཱར་ཀཤ་ཇ་ལྦེ་ཀར་གྱིས། ང་ཚོས་དེ་རིང་ལས་འགུལ་སྤེལ་བ་འདི་ལམ་ལྷོང་ལྡན་པ་ཞིག་བྱུང་སོང་བས་ད་ཆ་གཞུང་གི་ངོས་ནས་ཐག་ཆོད་དེ་བཞིན་འགྱུར་བ་གཏོང་དགོས་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག

ཡང་ལྡི་ལིའི་ནང་གི་ཚལ་ཚོང་མཁན་ཞིག་གིས། བཟའ་འབྲུའི་རིན་གོང་ཧ་ཅང་འཕར་འགྲོ་གི་ཡོད་པ་དེས་ང་ཚོར་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཡིན་ནའང་དེའི་ཐོག་གཞུང་གིས་གང་ཡང་གནང་གི་མི་འདུག་པས་དེ་རིང་ལས་འགུལ་འདི་བརྒྱུད་ང་ཚོས་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག ཡང་ས་སྣུམ་ཚོང་ལས་ཚན་པ་ཆེ་ཁག་ཞིག་གི་འགན་འཛིན་གྱིས། ས་སྣུམ་གྱི་ད་ལྟའི་གནས་སྟངས་ཀྱི་ཆ་ནས་རིན་གོང་སྒོར་རེ་གཉིས་ཆག་སྲིད་པ་རེད། ཡིན་ནའང་གནད་དོན་དེའི་ཐོག་སང་ཉིན་རེས་གཟའ་པ་སངས་ཉིན་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་ནས་གང་ལྟར་མི་མང་གི་ལས་འགུལ་དང་ཕྱོགས་འགལ་ཚོགས་པ་ཚོས་སྐྱོན་བརྗོད་བྱས་པ་དེས་གྲུབ་འབྲས་ཕྲན་བུ་ཐོན་པའི་རེ་བ་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎