མུམ་སྦའེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོས་ཐུབ་པ་།

མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པ་དང་ཉེན་རྟོག་པའི་དབར་དྲག་པོའི་འཐབ་རྩོད་བྱས་ནས་དྲག་སྤྱོད་པ་ཡོངས་རྫོགས་རྩ་མེད་བཟོས་ཐུབ་འདུག

2008.11.29

༄༅༎རྒྱ་གར་གྱི་ཚོང་དོན་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་གཟའ་ལྷག་པའི་ཉིན་མགྲོན་ཁང་དང་རི་ལིའི་བབ་ཚུགས་རྒྱས་སྤྲོས་ཅན་གྱི་འདོད་ཁང་སོགས་ལ་འབར་རྫས་དང་མེ་མདའ་སོགས་ཀྱིས་གཏོར་རྒོལ་བཏང་ནས་གཟའ་སྤེན་པ་བར་འཇིགས་སྐུལ་དྲག་སྤྱོད་པ་དང་ཉེན་རྟོག་པའི་དབར་གདོང་ཐུགས་ཀྱི་དྲག་པོའི་འཐབ་རྩོད་བྱས་ནས་གཟའ་སྤེན་པའི་ཉིན་འཇིགས་སྐུལ་དྲག་སྤྱོད་པ་ཡོངས་རྫོགས་རྩ་མེད་བཟོས་ཐུབ་ཡོད་པ་རེད། ད་རེས་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་དེའི་ནང་ཁྱོན་མི་གྲངས་༡༩༥ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་དེའི་ནང་ནས་མི་གྲངས་བཅུ་བརྒྱད་ལྷག་ཙམ་ཕྱི་རྒྱལ་མི་རིགས་ཡིན་པ་དང་མི་གྲངས་ཉི་ཤུ་ཡས་མས་ཤིག་ཉེན་རྟོག་པ་དང་དམག་མི་ཡིན་ཞིང་མི་གྲངས་གསུམ་རྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་བྱེད་པའི་སྐབས་གནས་ཚུལ་མཐོང་མཁན་གྱིས་བརྗོད་པར་གཞིགས་ན་འཇིགས་སྐུལ་དྲག་སྤོད་པས་གཏོར་རྒོལ་བྱ་སྤྱོད་སྤེལ་བའི་སྐབས་དབྱིན་ཇི་དང་ཨ་རི།ཨི་སེ་རེལ་གྱི་མི་རིགས་གཙོ་བོར་དམིགས་ནས་གཏོར་རྒོལ་བཏང་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག ད་རེས་ཀྱི་འཇིགས་སྐུལ་དྲག་སྤོད་ཀྱི་དོན་རྐྱེན་དེའི་ཐོག་རྒྱ་གར་གཞུང་གིས་པ་ཀི་སི་ཏན་དང་འབྲེལ་བ་ཡོད་པར་དགོས་གཞི་བྱས་ཀྱི་ཡོད་ཀྱང་པ་ཀིསི་ཏན་ཕྱོགས་ནས་པ་ཀིསི་ཏན་གཞུང་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་དེ་དང་འབྲེལ་བ་མེད་ལུགས་གསུང་སྟེ་ཁས་ལེན་གནང་གི་མེད་ཅིང་ཡིན་ནའང་པ་ཀི་སི་ཏན་གཞུང་གིས་ཡུལ་དེའི་གསང་བའི་ལས་ཁང་གི་དཔོན་རིགས་རྒྱ་གར་ནང་དོན་རྐྱེན་དེའི་ཐོག་བརྟག་དཔྱད་རོགས་རམ་བྱེད་པར་གཏང་རྒྱུ་ཡིན་འདུག འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་དེ་བྱུང་མ་ཐག་རྒྱ་གར་ནང་ཡོད་པའི་ཌེ་ཁེན་མུ་ཅ་ཧི་རྡིན་ཟེར་བའི་ཚོགས་པས་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་དེ་སྤེལ་བ་ཡིན་པ་ཁས་ལེན་བྱས་ཡོད་ན་ཡང་གསང་བའི་ལས་ཁང་ཁག་གི་དཔོན་རིགས་མང་ཆེ་བས་ད་ལྟའི་ཆར་དོན་རྐྱེན་དེ་སྤེལ་མཁན་དངོས་གནས་སུ་ཡིན་མིན་ཤེས་རྟོག་བྱེད་ཐུབ་ཀྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎