བོད་བར་གོམ་བགྲོད་དེ་ཉེན་སྲུང་བས་བཀག་བསྡོམས་བྱས་པ།
2008.05.25
༄༅༎རྒྱ་གར་ནས་བོད་བར་གོམ་བགྲོད་པ་རྣམས་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཉེན་སྲུང་བས་འཛིན་བཟུང་དོ་དམ་བྱེད་རྒྱུ་འགོ་བཙུགས་ཡོད་འདུག
གོམ་བགྲོད་པ་༣༠༠ ཐམ་པ་ཡོད་པ་དེ་དག་རྒྱ་གར་དང་བོད་ཀྱི་ས་མཚམས་ཀྱི་མངའ་སྡེ་ ཨུཏ་ར་ཁཱནཌི་ གྱིས་པི་ཐོ་ར་གཱར་ཞེས་པར་སླེབས་སྐབས་རྒྱ་གར་གྱི་ཉེན་སྲུང་བས་བཀག་བསྡོམས་བྱས་ཡོད་པ་མ་ཟད་ས་མཚམས་བརྒལ་ནས་གཏོང་ཙིས་མེད་ལུགས་ས་གནས་ཀྱི་ཉེན་སྲུང་དཔོན་རིགས་ པུ་རན་ རཱ་ཝཐཏེ་ ཡིས་རོའུ་ཊརསེ་གནས་ལས་ཁང་ལ་གསུངས་ཡོད་འདུག
རེས་གཟའ་པ་སངས་ཉིན་གོམ་བགྲོད་པ་བཅུ་དགུ་བོད་ཀྱི་ས་མཚམས་ནས་ཀི་ལོ་མི་ཊར་༢༠༠འི་སར་སྡོད་གར་བརྒྱབ་ནས་སྡོད་སྐབས་ཉེན་སྲུང་མི་སྣས་ཁོང་རྣམས་འཛིན་བཟུང་བྱས་ཡོད་འདུག རེས་གཟའ་ཉི་མའི་ནང་གོམ་བགྲོད་པ་གཞན་པ་རྣམས་འཛིན་བཟུང་གིས་ཕྱིར་ལོག་གཏོང་རྩིས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གོམ་བགྲོད་པའི་གྲས་སུ་ཨ་རིའི་མི་སེར་གཅིག་དང་ནོར་ཝེའི་མི་སེར་གཅིག་ཡོད་པ་དེ་གནིས་ཐོངས་མཆན་མེད་པ་སླེབས་ཡོད་པར་བརྟེན་ བདུན་ཕྲག་གཅིག་ནང་ཚུད་ཕྱི་ལོག་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་དབུ་འཛིན་རྣམས་རྡ་རམ་ས་ལ་ནས་ས་མཚམས་སུ་བློ་བུར་དུ་ཐོན་གནང་ཡོད་འདུག