རྒྱ་གར་ནང་གི་མའོ་གྱེན་ལོག་པའི་ལས་འགུལ་ལ་བློ་འཚབ།

རྒྱ་གར་གྱི་སྲིད་བློན་ནས་མའོ་གྱེན་ལོག་པའི་ལས་འགུལ་ཤུགས་ཆེ་ཏུ་འགྲོ་བཞིན་པ་དེར་གདོང་ལེན་གནང་ཕྱོགས་ཐད་བློ་འཚབ་བཏོན་འདུག

2009.09.15

༄༅༎རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་བར་ལམ་ནས་རྒྱལ་ཁབ་ནང་མའོ་གྱེན་ལོག་པའི་ལས་འགུལ་ཤུགས་ཆེ་ཏུ་འགྲོ་བཞིན་པ་དང་པ་ཀི་སི་ཐན་ནས་དྲག་རྒོལ་བ་རྒྱ་གར་ནང་བཙན་འཛུལ་བྱེད་བཞིན་པ་དེར་གདོང་ལེན་གནང་ཕྱོགས་ཐད་བློ་འཚབ་བཏོན་གནང་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་ཆེས་མཐོའི་དཔོན་རིགས་ཀྱི་འདུ་འཛོམས་ཐོག་རྒྱལ་ཁབ་ཁྱོན་ཡོངས་སུ་མའོ་གྱེན་ལོག་པས་རྒྱལ་ཁབ་ནང་གི་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པས་དཀའ་ངལ་དེར་གདོང་ལེན་ནུས་པ་ཐོན་པ་གནང་དགོས་པའི་སྐུལ་དེད་ནན་པོ་གནང་ཡོད་འདུག རྒྱ་ནག་ནང་མའོ་གྱེན་ལོག་པའི་ལས་འགུལ་ཕྱི་ལོ་༡༩༦༧ལོར་འགོ་བཙུགས་པ་ནས་བཟུང་མངའ་སྡེ་ཉི་ཤུ་རྩ་དགུ་ནས་ད་ཆ་མངའ་སྡེ་ཉི་ཤུའི་ནང་ཁྱབ་གདལ་ཕྱིན་ཡོད་པ་མ་ཟད་འདི་ལོ་རང་ལ་ཡུལ་མི་༥༨༠ཐམ་པའི་ཚེ་སྲོག་ཤོར་ཡོད་པ་རེད། སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་གོང་ཞུས་དཔོན་རིགས་ཀྱི་ཚོགས་འདུའི་སར་གཞུང་གིས་ད་བར་མའོ་གྱེན་ལོག་ཤོག་ཁག་གི་ལས་འགུལ་ཚར་གཅོད་བྱེད་རྒྱུར་ནུས་པ་ཐོན་པའི་ལས་འགུལ་སྤེལ་ཐུབ་མེད་པས་མ་འོངས་པར་འདི་མུར་འཇོག་ཐབས་མེད་ལུགས་གསུངས་གནང་འདུག་ཀྱང་སྲིད་བློན་གྱིས་བར་ལམ་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ནས་དྲག་རྒོལ་བ་བཙན་འཛུལ་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད་བལ་ཡུལ་དང་བཱང་ལ་རྡེཤི་གཉིས་ནས་ཀྱང་བཙན་འཛུལ་བྱེད་མཁན་ཡོད་པས་དེ་དག་གི་ཐགོ་ལའང་ཟབ་ཟབ་གནང་དགོས་པའི་སྐུལ་མ་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎