རྒྱ་གར་བློན་ཆེན་བལ་ཡུལ་དུ་འཚམས་འདྲི་གཟིགས་སྐོར་གནང་བ།

རྒྱ་གར་གྱི་གྲོས་ཚོགས་ལས་དོན་དང་ཆུའི་ཐོན་ཁུངས་ཀྱི་བློན་ཆེན་མཆོག་བལ་ཡུལ་ནང་འཚམས་འདྲི་གཟིགས་སྐོར་དུ་ཕེབས་འདུག

2009.07.11

༄༅༎རྒྱ་གར་གྱི་གྲོས་ཚོགས་ལས་དོན་དང་ཆུའི་ཐོན་ཁུངས་ཀྱི་བློན་ཆེན་པ་ལྦན་ཀུ་མའར་སྦན་སལ་མཆོག་གིས་བལ་ཡུལ་ནང་ཉིན་གཉིས་རིང་གཟིགས་སྐོར་གནང་ཕྱིར་ཁ་ས་རྒྱལ་ས་ཀཐ་མན་དྲུའི་ནང་ཕེབས་འབྱོར་བྱུང་ཡོད་པ་དང་ཕྱི་དྲོ་ཁོང་གིས་བལ་ཡུལ་གྱི་སྲིད་བློན་མཱ་རྡེལྦ་ཀུ་མར་ནེ་པལ་མཆོག་གི་གཞུང་འབྲེལ་གཟིམ་ཤག་སྦ་ལུ་ལྦ་ཊར་ཞེས་པའི་ནང་མཇལ་འཕྲད་བཀའ་མོལ་གནང་འདུག

སྐབས་དེར་དབུ་འཁྲིད་རྣམ་གཉིས་ཀྱིས་ཀོ་སི་ཟེར་བའི་རྒྱུག་ཆུར་ཆུ་རགས་གསར་རྒྱག་དང་ཆུ་རགས་རྙིང་པ་ཁག་ཉམས་གསོའི་ཆེད་རྒྱ་གར་གཞུང་གིས་མཐུན་འགྱུར་རོགས་རམ་གནང་ཕྱོགས་ཐད་བཀའ་མོལ་གནང་འདུག

ད་རེས་རྒྱ་གར་གྱི་བློན་ཆེན་པཱ་ལྦན་ཀུ་མར་སྦན་སལ་མཆོག་བལ་ཡུལ་ནང་གཟིགས་སྐོར་དུ་ཕེབས་དོན་གཙོ་བོ་ཡང་ཀོ་སི་རྒྱུག་ཆུར་ཆུ་རགས་རྒྱག་པ་ཁག་དང་ཉམས་གསོ་བྱེད་བཞིན་པ་ཁག་ལ་རྟོག་ཞིབ་གནང་ཕྱིར་ཡིན་པ་རེད། སྔ་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཀོ་སི་ཆུ་ལོག་རྒྱབ་སྟེ་བལ་ཡུལ་དང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་གྲོང་གསེབ་མང་པོ་ཆུའི་འོག་ཐིམ་ནས་ཡུལ་མི་སྟོང་ཕྲག་མང་པོ་སྡོད་ཁྱིམ་མེད་པ་ཆགས་པའི་རྗེས་སུ་རྒྱ་གར་གྱི་བློན་ཆེན་ཞིག་བལ་ཡུལ་ནང་གཟིགས་སྐོར་ཕེབས་པ་ད་རེས་ཐེངས་དང་པོ་ཡིན་པ་རེད། ད་རིང་གཟའ་ཉི་མའི་ཉིན་བློན་ཆེན་སྦན་སལ་མཆོག་གིས་ཀོ་སི་རྒྱུག་ཆུར་རྒྱབ་པའི་ཆུ་རགས་གསར་རྙིང་གཉིས་ཀར་རྟོག་ཞིབ་གནང་འཆར་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎