རྒྱ་གར་གྱི་བྱིས་པའི་ཉལ་ཁང་གསར་རྒྱག་གི་ཆེད་དུ་དང་བླང་།

བཞུགས་སྒར་གྱི་ཉེ་འདབ་སུ་རྒྱ་གར་གྱི་བྱིས་པའི་ཉལ་ཁང་གསར་རྒྱག་གི་ཆེད་དུ་མ་སྐུལ་དང་བླང་གི་ཐོག་ནས་ཁང་པའི་བཟོ་བཀོད་གསར་བཟོ།

2011.12.25

༄༅༎བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབ་སུ་རྟེན་གཞི་བྱས་པའི་གཏོང་ལེན་ཞེས་པའི་བྱམས་བརྩེ་ཐེབས་རྩའི་ཉམ་ཐག་ཅན་གྱི་རྒྱ་གར་གྱི་བྱིས་པའི་ཉལ་ཁང་གསར་རྒྱག་གི་ཆེད་དུ་ཨོ་སི་ཀྲོ་ལི་ཡའི་མཚོ་གླིང་མངའ་སྡེ་ཀྲེསི་མེ་ནི་ཡ་ནས་ཡིན་པའི་ཨར་ལས་འཆར་འགོད་པ་གཉིས་ཀྱིས་ལས་གླ་མེད་པར་མ་སྐུལ་དང་བླང་གི་ཐོག་ནས་ཁང་པའི་བཟོ་བཀོད་གསར་བཟོ་གནང་རྒྱུའི་ཆེད་དུ་དུས་ཚོད་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཨར་ལས་འཆར་འགོད་པ་གཉིས་པོ་ནི་ ཌོཀ་ཊར་ཌེ་རིདྲ་ལྦེན་ཨོ་ལྦེན་དང་ ར་ཡན་ས་ཀྲར་ལིང་རྣམ་གཉིས་ཡིན་པ་དང་ ཌོཀ་ཊར་ཨོ་ལྦེན་གྱིས་བརྗོད་དོན་ལྟར་ན་ གཏོང་ལེན་བྱིས་པའི་ཐེབས་སྩའི་སྐོར་ ཁོང་གིས་ཐོག་མར་ ཁོང་གི་ཨ་མ་ལགས་དང་ གཅུང་མོའི་བརྒྱུད་ནས་ མཁྱེན་རྟོགས་བྱུང་ཡོད་པ་རེད་ གཏོང་ལེན་ཐེབས་སྩས་འཛིན་སྐྱོང་གནང་བཞིན་པའི་རྒྱ་གར་གྱི་ཉམ་ཐག་བྱིས་པའི་ཉལ་ཁང་དེ་བཞིན་ ཟླ་བ་སྔོན་མའི་ནང་ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་བ་རེད་ གཏོང་ལེན་ཐེབས་སྩས་ ཉལ་ཁང་གཏན་འཇགས་གསར་རྒྱག་ཆེད་དུ་ས་ཆ་སྤུས་ཉོ་བྱས་རྗེས་ ངོས་རང་གིས་ཁང་པའི་བཟོ་དབྱིབས་གསར་བཀོད་བྱ་རྒྱུར་མགྲོན་བརྡ་འབྱོར་བྱུང་ལ་ སྐབས་དེར་ ཏྰ་ལའི་བླ་མ་མཆོག་ཀྱང་མཇལ་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང་ཞེས་ ཨར་ལས་འཆར་འགོད་པ་ཌོཀ་ཊར་ཨོ་ལྦེན་གྱིས་གསར་འགོད་པར་གསུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎