རྒྱ་གར་གཞུང་དང་ཨ་སམ་གྱེན་ལོག་ཤོག་ཁག་བར་གྲོས་འཆམ།

རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་གྱེན་ལོག་ཤོག་ཁག་དང་རྒྱ་གར་གཞུང་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ།

2011.09.03

༄༅༎རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་གྱེན་ལོག་ཤོག་ཁག་དང་རྒྱ་གར་གཞུང་དབར་རེས་གཟའ་སྤེན་པའི་ཉིན་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་དང༌། དེ་ནི་འདས་པའི་མི་ལོ་བཅུ་ཕྲག་གསུམ་རིང་ལ་གྱེན་ལོག་ཤོག་དང་གཞུང་བར་འཐབ་འཁྲུགས་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་སེལ་ཐབས་ཀྱི་དམིགས་ཡུལ་ཡིན་པ་རེད།

རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨོན་ཀར་ཀེ་ཌི་ཡ་ཞུ་བས། མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་བ་དེ་ནི། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱོགས་གཉིས་པོས་མཚན་རྟགས་བཀོད་པ་ཞིག་ཡིན་པ་གསུངས་ཡོད་པ་དང༌། གྲོས་མཐུན་དེ་ནི་རྒྱ་གར་གཞུང་དང་ཨ་སོམ་མཉམ་འབྲེལ་མདུན་བསྐྱོད་ཚོགས་པ་ཟེར་བའི་གྱེན་ལོག་ཤོག་ཁག་གཉིས་དབར་ལ་དངོས་སུ་ཞིབ་བའི་གྲོས་མོལ་ཡོང་ཐབས་ཀྱི་རྨང་གཞི་ལས་དོན་ཞིག་ཡིན་ཞིང༌། རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་ཨ་སོམ་མཉམ་འབྲེལ་མདུན་བསྐྱོད་ཚོགས་པ་ཟེར་བའི་གྱེན་ལོག་ཤོག་ཁག་དེ་ཡིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཤར་ཕྱོགས་སུ་ལམ་ཐག་ཀི་ལོ་མི་ཊར་ཆིག་སྟོང་དྲུག་བརྒྱའི་མཚམས་སུ་ཡོད་པའི་རྒྱ་གར་གྱི་ཨ་སམ་མངའ་སྡེ་དེའི་ནང་ཨ་སམ་གྲངས་ཉུང་མི་རིགས་གནས་སྡོད་བྱེད་ཡུལ་དེ། ཨ་སམ་མི་རིགས་ཚོར་རང་བཙན་དགོས་ཞེས་༡༩༧༩ ནས་བཟུང་རྒྱ་གར་གཞུང་དང་འཐབ་རྩོད་བྱེད་བཞིན་ཡོད་པ་རེད།  གྱེན་ལོག་ཤོག་ཁག་གི་ངོས་ནས།

དྲག་པོའི་འཐབ་རྩོད་ནང་ཁྱོན་མི་དམངས་ཁྲི་གཅིག་རྐྱེན་ལམ་ཕྱིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། རྒྱ་གར་གཞུང་ཕྱོགས་ནས་དེ་སྔ་གྱེན་ལོག་ཤོག་ཁག་དབར་གྲོས་མོལ་བྱས་པའི་སྐབས། ཁོང་ཚོར་ཨ་སམ་མངའ་སྡེ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་བཀའ་མོལ་གནང་ཡང༌། མཐའ་གཅིག་ཏུ་རང་བཙན་དགོས་པའི་དགོས་འདུན་བཏོན་ཏེ་མི་ལོ་གསུམ་ཅུའི་རིང་མུ་མཐུད་དྲག་པོའི་འཐབ་འཁྲུགས་རྒྱབ་ཡོད་པ་རེད། ན་ནིང་གྱེན་ལོག་ཤོག་ཁག་དེའི་ཚོགས་གཙོ་རཇ་ཁོ་ལྦ་ཡི་ཚོགས་པ་ཁ་ཐོར་ཕྱིན་པ་དང༌། ཁོང་གི་རོགས་པ་ཁག་ཅིག་སྦང་ལ་རྡེཤ་ནང་བསྐྱོད་ཡོད་ཀྱང་རྒྱ་གར་གཞུང་ལ་རྩིས་སྤྲོད་བྱས་པ་མ་ཟད༌། ཁོང་རང་ཉིད་ཀྱང་ན་ནིང་ཕྱི་ཟླ་དང་པོའི་ནང་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་ཏེ། ལོ་གཅིག་དོ་དམ་བྱས་པའི་རྗེས། ཁོང་དང་གནད་ཡོད་འགོ་ཁྲིད་ཁག་ཅིག་གློད་བཀྲོལ་བཏང་བར་བརྟེན་ནས།  ཉེ་ཆར་ཕྱི་ཟླ་བདུན་ནང་གྱེན་ལོག་ཤོག་ཁག་ཁོ་རང་ཚོ་རང་ངོས་ནས་རྒྱ་གར་གཞུང་དང་དྲག་འཐབ་བྱ་རྒྱུ་མིན་པའི་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

ད་རིང་ཕྱོགས་གཉིས་བར་བཞག་པའི་གྲོས་མཐུན་དེའི་ནང༌། གྱེན་ལོག་ཤོག་ཁག་གི་ཚོགས་མི་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པ་རྣམས་རྒྱ་གར་གཞུང་གིས་བཙུགས་པའི་སྡོད་སྒར་དུ་གནས་སྡོད་བྱ་དགོས་པ་དང༌། ཁོང་ཚོའི་གོ་མཚོན་རྣམས་བཟུང་འབྲེལ་གྱི་དོ་དམ་བྱ་རྒྱུ་སོགས་མོས་མཐུན་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎