རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་བལ་ཡུལ་དུ་ཕེབས་ཡོད་པ།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ཉིན་གསུམ་གྱི་རྒྱལ་དོན་འཚམས་གཟིགས་ཆེད་བལ་ཡུལ་དུ་ཕེབས་འབྱོར་ཟིན་ཡོད་འདུག

2010.01.16

༄༅༎རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ཉིན་གསུམ་གྱི་རྒྱལ་དོན་འཚམས་གཟིགས་ཆེད་བལ་ཡུལ་དུ་ཕེབས་འབྱོར་ཟིན་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་གཞིགས་ན་འདི་ཚེས་༡༥ཉིན་བལ་ཡུལ་རྒྱལ་ས་ཀཐ་མན་དྲུའི་ནང་འབྱོར་མ་ཐག་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ཡུལ་དེའི་སྲིད་བློན་མ་རྡལྦ་ཀུ་མའར་ནེ་པལ་དང་ཕྱི་སྲིད་བློན་ཆེན་ལྕམ་སུ་ཇ་ཏ་ཀོའེ་རེ་ལ་རྣམ་གཉིས་མ་ཇལ་འཕྲད་གནང་སྟེ་ཡུལ་གྲུ་གཉིས་ཀྱི་ས་མཚམས་ས་ཁུལ་དུ་བདེ་འཇགས་ཀྱི་གནས་སྟངས་དང་བལ་ཡུལ་ནས་རྒྱ་གར་གྱི་ཕྱོགས་སུ་རྒྱུགས་བཞིན་པའི་གཙང་ཆུ་རྒྱས་པའི་རྐྱེན་གྱིས་ཆུ་ལོག་གི་རྐྱེན་ངན་རིགས་འགོག་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་སྐོར་བལ་ཡུལ་གཞུང་འབྲེལ་དཔོན་རིགས་ར་ཇན་སྦ་ཏ་རའེ་ཡིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག་ལ་ ཡང་གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ནས་ཉིན་དེར་བལ་ཡུལ་ནང་གཞུང་ལམ་གསར་རྒྱག་དང་གྲོང་གསེབ་ས་ཁུལ་དུ་གློག་འཁྲིད་རྒྱུ་ དེ་བཞིན་ཡུལ་དེའི་ནང་ཚན་རིག་སློབ་སྦྱོང་བྱེད་སའི་མཐོ་སློབ་ཅིག་གསར་རྒྱག་བྱ་རྒྱུའི་ལས་དོན་བཅས་པར་རྒྱ་གར་གཞུང་གིས་རོགས་རམ་མཁོ་སྤྲོད་བྱ་རྒྱུའི་གྲོས་མཐུན་ཞིག་གི་ཐོག་ས་རྟགས་ཡང་བཀོད་ཡོད་པ་མ་ཟད་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀི་རིཤ་ན་ཡུལ་དེར་ཉིན་གྲངས་གསུམ་བཞུགས་རྒྱུན་རིང་ཁོང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་ལྷག་པར་ཡུལ་གྲུ་གཉིས་ཀྱི་ས་མཚམས་དབྱེ་འབྱེད་གསལ་པོ་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་དེའི་སྐོར་བལ་ཡུལ་གྱི་དཔོན་རིགས་ཚོའི་ལྷན་དུ་མུ་མཐུད་བཀའ་བསྡུར་གནང་འཆར་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎