རྒྱ་གར་ནང་གནམ་གཤིས་ཚ་དྲག་ནས་མི་མང་པོ་ཤི་བཞིན་པ་རེད།


2015.05.28
རྒྱ་གར་ནང་ཆུ་ལ་བརླན་ནས་ཚ བ་ཡོལ་ཐབས་བྱེད་བཞིན་པ། ༢༠༢༥།༥ རྒྱ་གར་ནང་ཆུ་ལ་བརླན་ནས་ཚ བ་ཡོལ་ཐབས་བྱེད་བཞིན་པ། ༢༠༢༥།༥
AFP

རྒྱ་གར་དུ་འདི་ལོ་དབྱར་དུས་ཚ་དྲོད་ཤུགས་ཆེ་འཕེལ་བའི་རྐྱེན་པས་ཉུང་མཐར་མི་ཆིག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་ཡང་གཟའ་འཁོར་སྔོན་མ་ནས་བཟུང་རྒྱ་གར་གྱི་ས་ཁུལ་ཁག་ཏུ་གནམ་གཤིས་ཚ་དྲོད་ཤིན་ཏུ་ཆེ་བ་དང་། ས་ཁུལ་ཁ་ཤས་ནང་གི་དྲོད་ཚད་རིམ་པ་c50ལ་སླེབས་ཏེ་འདས་པའི་གཟའ་འཁོར་གཅིག་གི་ནང་གྲང་གློག་སོགས་ཀྱི་ཆ་རྐྱེན་མེད་པའི་དབུལ་ཕོངས་ཀྱི་མི་དང་། སློང་མོ་བ། སྡོད་གནས་མེད་པའི་འཁྱམ་ཉུལ་བ་སོགས་ཉུང་མཐར་མི་༡༥༠༠ལྷག་ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད། འདས་གྲོངས་སུ་གྱུར་པ་མང་ཤོས་ནི་རྒྱ་གར་ལྷོ་ཕྱོགས་ཏྰ་ལན་གྷ་ན་དང་། ཨན་རྡི་ར་མངའ་སྡེའི་ནང་བྱུང་ཡོད་པ་དང་། གཟའ་སྔོན་མ་ནས་བཟུང་མངའ་སྡེ་དེ་གཉིས་པོའི་ནང་ཉུང་མཐར་མི་༡༡༡༧ཙམ་ཚ་དྲོད་དང་འབྲེལ་བའི་རྒྱུ་རྐྱེན་འོག་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་མིན་ནུབ་བྷང་གྷ་ལ་དང་། ཨོ་རི་སར་མངའ་སྡེའི་ནང་ལ་མི་༢༤་ཙམ་རྐྱེན་འདས་སུ་གྱུར་འདུག
ད་རེས་ཚ་དྲོད་འཕེལ་བའི་གནས་སྟངས་ལ་བརྟེན་ནས་རྒྱ་གར་གྱི་ས་ཁུལ་ཁག་གི་འཕྲོད་བསྟེན་ཚན་པས་ཀྱང་དོགས་ཟོན་ཆེན་པོ་བྱས་ཏེ་ཚ་བའི་ནད་གཞི་ཕོག་པ་རྣམས་ལ་དུས་ཐོག་སྨན་བཅོས་བྱེད་ཐུབ་པའི་གྲ་སྒྲིག་བྱེད་བཞིན་པ་ལྟར་དམིགས་བསལ་བྱ་ཐབས་འགའ་ཞིག་ལག་བསྟར་བྱས་པའི་ནང་། མང་ཚོགས་ལ་སྔ་དྲོའི་ཚོུད་༡༠་ནས་དགོང་དྲོའོ་ཚོུད་༤་པའི་བར་ཚ་དུས་སུ་གང་བྱུང་ཕྱི་ལོགས་སུ་མི་འགྲོ་བའི་འབོད་སྐུལ་དང་། རྒྱ་གར་གཞུང་ཕྱོགས་ནས་བརྙན་འཕྲིན་དང་གསར་ལམ་ཁག་བརྒྱུད་མང་ཚོགས་ལ་ཚ་བའི་ནད་རིམས་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ། དཔེར་ན། ཆུ་མང་ཙམ་འཐུང་དགོས་པ་སོགས་རྒྱུན་ཤེས་འགྲེལ་བརྗོད་བྱེད་བཞིན་ཡོད་ལ་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པའི་འཐུང་ཆུ་མཁོ་འདོན་ས་ཚིགས་ཁག་ཁྱོན་ཡོངས་ནས་སྒོ་ཕྱེས་ཏེ་ཡུལ་མིར་འཐུང་ཆུ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་འདས་པའི་ལོ་གཉིས་ནང་གི་ཚ་ཚད་རིམ་པ་མཐོ་ཤོས་c45.ཚེག་5ལ་སླེབས་ཡོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎