རྒྱ་གར་དང་པ་ཀི་སི་ཐན་མཉམ་འབྲེལ་གནང་དགོས་སྐོར།

རྒྱ་གར་གྱིས་པ་ཀི་སི་ཐན་མཉམ་འབྲེལ་ལམ་གནང་ཕྱོགས་དེ་པ་ཀི་སི་ཐན་གྱི་ངོས་ནས་བྱེད་སྟངས་ལ་གཟིགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་བཞག

2008.12.03

༄༅༎བདུན་སྔོན་མ་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་བའི་རྗེས་ཨ་མི་རི་ཀའི་གཞུང་ནས་དོན་རྐྱེན་དེའི་ཐོག་རྩད་ཞིབ་ཀྱི་ལས་དོན་ནང་པ་ཀི་སི་ཐན་སྲིད་གཞུང་གིས་རྒྱ་གར་མཉམ་ཛ་དྲག་གི་སྒོ་ནས་མཉམ་འབྲེལ་བྱེད་དགོས་རྒྱུའི་གནོན་ཤུགས་སྐྱོན་གྱི་ཡོད་པ་བཞིན་ཁ་ས་རྒྱ་གར་གྱིས་པ་ཀི་སི་ཐན་མཉམ་འབྲེལ་ལམ་གནང་ཕྱོགས་དེ་པ་ཀི་སི་ཐན་གྱི་ངོས་ནས་བྱེད་སྟངས་ལ་གཟིགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་བཞག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་དང་ལྷན་དུ་འདུ་བསྐོང་གནང་བའི་གསར་འགོད་ལྷན་ཚོགས་ཐོག་གསུངས་གླེང་གནང་སྐབས་འཇིགས་སྐུལ་དྲག་སྤྱོད་པ་དེ་ཚོ་པ་ཀི་སི་ཐན་ནས་ཡོང་ཡོད་པ་དང་ཁོང་ཚོར་བཀོད་སྒྲིག་བྱེད་མཁན་ཡང་པ་ཀི་སི་ཐན་ནང་ཡོད་པ་སུས་ཀྱང་དོགས་པ་བྱེད་མི་དགོས་པའི་དངོས་ར་འཕྲོད་ཡོད་སྐོར་གསུངས་ཏེ་རྒྱ་གར་གཞུང་ཕྱོགས་ནས་ཕྱག་བཞེས་ག་རེ་བསྟར་མིན་པ་ཀི་སི་ཐན་གྱི་འཛིན་སྐྱོང་དཔོན་རིགས་ཚོས་ཚུར་སྣང་ལན་ཆ་སྟོན་སྟངས་ལ་གཟིགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས་དེ་སྔོན་དོགས་གཞི་བྱེད་ཡུལ་འཇིགས་སྐུལ་དྲག་སྤྱོད་པ་ཉི་ཤུ་དེ་རྣམས་པ་ཀི་སི་ཐན་གྱིས་རྒྱ་གར་ལ་རྩིས་སྤྲོད་བྱ་དགོས་རྒྱུའི་བརྡ་བཏོན་གནང་ཡོད་པ་རེད།

དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པཱར་ནབ་མུ་ཁར་ཇི་ཡིས་པ་ཀི་སི་ཐན་གྱི་ངོས་ནས་ཚུར་ལན་བྱ་རྒྱུའི་རེ་བ་གནང་བཞིན་ཡོད་པ་དང་ལན་རག་པའི་རྗེས་རྒྱ་གར་གཞུང་གིས་མངའ་ཁུལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས།ཡུལ་མི་ཚོའི་སྲུང་སྐྱོབ་ཐད་དགོས་གལ་ཆེ་བའི་ཐག་གཅོད་གང་འདྲ་ཞིག་གནང་དགོས་བྱུང་བ་ཡིན་ནས་དེ་ལྟར་གནང་རྒྱུའི་ཉེན་བརྡ་བཏང་གནང་འདུག གོང་ཞུས་གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་ཡིས་འཇིགས་སྐུལ་བའི་གཏོར་རྒོལ་གྱི་འགན་འཁྲི་སུ་ཞིག་ལ་ཡོད་མེད་སྐོར་ད་ལྟ་གསུངས་ཁག་པོ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་པ་ཀི་སི་ཐན་གྱི་ངོས་ནས་གནད་དོན་དེ་བཞིན་ཛ་དྲག་གི་དོན་གནས་ཞིག་ལ་རྩིས་ཏེ་སྦས་གསང་མེད་པར་རྒྱ་གར་དང་མཉམ་འབྲེལ་གནང་དགོས་རྒྱུ་ཡིན་ལུགས་གསུངས་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎