རྒྱ་གར་གྱིས་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་ཚོད་ལྟ།

རྒྱ་གར་གྱིས་ནུས་པ་ལྡན་པ་གླིང་ཆེན་གཅིག་ནས་གཅིག་བར་སྙོབ་ཐུབ་པའི་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་གནང་འཆར།

2012.04.18

༄༅༎རྒྱ་གར་གྱིས་མེ་ཤུགས་འཕུར་མདའི་རྩེ་མོར་འབར་མདེལ་འཁྱེར་ཐུབ་པའི་ནུས་པ་ལྡན་པ་གླིང་ཆེན་གཅིག་ནས་གཅིག་བར་སྙོབ་ཐུབ་པའི་རྒྱང་ཐག་རིང་བའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་གནང་རྒྱུའི་འཆར་གཞི་འདུག།
རྒྱ་གར་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་ཨག་ནི་ལྔ་པ་(Agni-V)མེ་ཤུགས་འཕུར་མདེལ་དེ་བཞིན་རྒྱང་ཚད་ཀི་ལོ་མི་ཊར་༥༠༠༠བར་སྙོབ་ཐུབ་ཀྱི་ཡོད་པ་དང༌། མེ་ཤུགས་འཕུར་མདེལ་དེ་དག་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་ཨོ་རི་སཱ་ཁུལ་ནས་ཚོད་ལྟ་གནང་སྲིད་པ་རེད་བཞག།
གནད་དོན་དབྱེ་ཞིབ་པ་ཚོས་གསུང་ན། ཨག་ནི་ཞེས་པ་དེ་སམ་ཀྲི་ཏའི་སྐད་དུ་མེ་ཟེར་གྱི་ཡོད་པ་དང༌། མེ་ཤུགས་འཕུར་མདེལ་དེ་བཞིན་ཕྱི་ཕྱོགས་ནས་རྒྱ་གར་ཐོག་རྡུལ་ཕྲན་གྱི་གཏོར་རྒོལ་འགོག་ཐུབ་པའི་ནུས་པ་ཡོད་མཁན་གྱི་མེ་ཤུགས་འཕུར་མདེལ་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། མེ་ཤུགས་འཕུར་མདེལ་ནི་རྒྱ་གར་གྱི་ཆེས་ཐོན་གསར་གྱི་གོ་མཚོན་གྲས་ཤིག་ཀྱང་ཡིན་པ་རེད།
དེ་སྔོན་༢༠༡༠ལོར་རྒྱ་གར་གྱིས་ ཀི་ལོ་མི་ཊར་༢༠༠༠སར་སྙོབ་ཐུབ་པའི་རྒྱང་ཐག་འབྲིང་བའི་མེ་ཤུགས་འཕུར་མདེལ་ཨག་ནི་གཉིས་པའི་(Agni-II)ཚོད་ལྟ་ལམ་ལྷོང་ལྡན་པའི་ངང་གནང་ཡོད་པ་རེད།
འབར་མདེལ་ལྗིད་ཚད་ཊོན་གཅིག་དང་ཕྱེད་ཀ་ལྷག་རྩེ་མོར་འཁྱེར་ཐུབ་པའི་མེ་ཤུགས་འཕུར་མདེལ་ཨག་ནི་ལྔ་པའི་ཚོད་ལྟར་ལམ་ལྷོང་བྱུང་བ་ཡིན་ན། མེ་ཤུགས་འཕུར་མདེལ་དེ་བཞིན་རྡུལ་ཕྲན་ནུས་ཤུགས་ཀྱི་འགྲན་ཡ་རྒྱ་ནག་དབུས་དཀྱིལ་ས་ཁུལ་བར་བསྙབས་ཐུབ་པའི་ནུས་ཤུགས་ཡོད་པ་ལྟར། མེ་ཤུགས་འཕུར་མདེལ་དེ་བཞིན་༢༠༡༤།༡༥མཚམས་སུ་བེད་སྤྱོད་ལག་བསྟར་བྱ་ཐུབ་རྒྱུ་ཡིན་པ་དེས་ རྒྱ་གར་གྱི་རྡུལ་ཕྲན་གཏོར་རྒོལ་འགོག་སྲུང་གི་ནུས་སྟོབས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་ རྒྱ་གར་གྱི་
བདེ་སྲུང་གནད་དོན་དཔྱད་ཞིབ་པ་ར་ཧུལ་སྦེ་ཌི་ཡིས་འགྲེལ་བརྗོད་གནང་བཞག། གོང་ཞུས་མེ་ཤུགས་འཕུར་མདེལ་དེ་བཞིན་ རིང་ཚད་མི་ཊར་༡༧དང་ཕྱེད་ཀ་དང༌། ལྗིད་ཚད་ཊོན་༥༠ཡོད་པ་དེའི་བཟོ་སྐྲུན་ཐོག་རྒྱ་གར་སྒོར་མོ་ཐེར་འབུམ་གཉིས་དང་ཕྱེད་ཀ་ལྷག་གནས་འདུག།  རྒྱ་གར་གྱིས་བཟོ་སྐྲུན་བྱས་པའི་རྒྱང་ཚད་རིང་བའི་མེ་ཤུགས་འཕུར་མདེལ་དེ་འདྲ་བ་བདག་དབང་བྱེད་མཁན་ད་ལྟའི་འཆར་འཛམ་གླིང་ནང་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུ། ཕ་རེན་སི། ཨ་མི་རི་ཀ་དང་དབྱིན་ཡུལ་བཅས་མ་གཏོགས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎