རྒྱ་གར་རྒྱལ་ཡོངས་སུ་རིགས་རུས་ཀྱི་མི་འབོར་ཞིབ་བཤེར།

རྒྱ་གར་གྱི་བློན་ཆེན་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་སུ་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་ཐོག་མ་དེ་གནང་རྒྱུའི་ཐག་གཅོད་བྱུང་འདུག

2010.09.09

༄༅༎རྒྱ་གར་ནང་ཐོབ་ཐང་འདྲ་མཉམ་མེད་པའི་མི་མང་གི་བདེ་སྡུག་དང་གནས་སྟངས་ཡར་རྒྱས་ལ་དམིགས་པའི་ལས་གཞི་བཀོད་སྒྲིག་ཆེད་ རྒྱ་གར་གྱི་བློན་ཆེན་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་སུ་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་ཐོག་མ་དེ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

རྒྱ་གར་གྱི་རྩ་ཁྲིམས་ནང་རིགས་རུས་དབྱེ་འབྱེད་ཁྲིམས་འགལ་ཡིན་པ་བཟོས་ཡོད་ནའང་ དོན་དངོས་སུ་མང་ཚོགས་ཀྱི་རྒྱུན་ལྡན་གྱི་བྱ་གཞག་ནང་རིགས་རུས་དབྱེ་འབྱེད་ཁྱབ་གདལ་ཡོད་མུས་ཡིན་པ་མ་ཟད་ ལྷག་པར་དུ་གྲོང་ཁྱེར་གྱི་ཕྱི་ལ་ཡོད་པའི་མཐའ་ཁུལ་ཞིང་འབྲོག་ས་ཁུལ་ནང་  རིགས་རུས་འབྱེ་འབྱེད་དང་རིགས་རུས་མཐོ་དམན་དབར་འཐབ་རྩོད་ཡོད་པ་ཡོངས་གྲགས་ཡིན་པ་རེད་

རྒྱ་གར་དབུས་གཞུང་ནས་རྒྱལ་ཡོངས་ཐོག་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་གནང་རྒྱུའི་གྲོས་འཆར་དེར་གྲོས་ཚོགས་ནང་ངར་ཤུགས་ཆེན་པོའི་བགྲོ་གླེང་གི་གནད་དོན་ཆགས་ཡོད་ལ་ རིགས་རུས་ཀྱི་མི་འབོར་ཞིབ་བཤེར་གྱི་ལས་འཆར་ལ་དགག་པ་རྒྱབ་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ལས་འཆར་དེས་རྒྱལ་ཁབ་ནང་རིགས་རུས་འབྱེ་འབྱེད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་ད་དུང་ཕྱོགས་རིས་ཀྱི་རྙོག་གླེང་ཆེ་རུ་གཏོང་ངེས་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད་ ཡང་རྒྱ་གར་གྱི་མངའ་སྡེ་ཁག་ནང་རིགས་རུས་ལ་བརྟེན་པས་ཆབ་སྲིད་ཚོགས་པ་ཁག་ནས་རིགས་རུས་ཀྱི་མིི་འབོར་ཞིབ་བཤེར་གྱི་ལས་འཆར་དེས་རིགས་རུས་དམའ་བའི་ཉམ་ཐག་མི་མང་གི་གནས་སྟངས་གསལ་རྟོགས་དང་  ཕྱོགས་མཚུངས་གནས་སྟངས་ཡར་རྒྱས་ལ་དམིགས་པའི་གོ་སྐབས་གསར་པ་བསྐྲུན་རྒྱུའི་དགེ་མཚན་ཆེན་པོ་ཡོད་པའི་སྐོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ རྒྱ་གར་གྱི་བློན་ཆེན་ལྷན་ཚོགས་ནས་ཁ་ས་རྒྱ་གར་རྒྱལ་ཡོངས་ཐོག་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་གནང་རྒྱུའི་ཐག་གཅོད་གནང་པའི་རྗེས་རྒྱ་གར་གྱི་ནང་སྲིད་བློན་ཆེན་པི་ཆི་རྡམ་སྦ་རམ་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཐོག་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་གྱི་ལས་འཆར་དེ་བཞིན་༢༠༡༡ལོའི་ཕྱི་ཟླ་༦པ་ནས་ཕྱི་ཟླ་༡༡བར་ཁྱོན་དུས་ཡུན་ཟླ་བ་དྲུག་གི་ནང་ཚུད་མཇུག་སྡོམ་གནང་རྒྱུ་དང་རིགས་རུས་ཀྱི་མི་འབོར་ཞིབ་བཤེར་དེ་ཡང་རྒྱ་གར་རྒྱལ་ཡོངས་སུ་ཁྱིམ་ཚང་མི་རེ་ངོ་རེར་གནང་རྒྱུ་ཡིན་པའི་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎