རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལེགས་གྲུབ།

རྒྱ་གར་དམག་མིས་རྒྱང་ཚད་ཐུང་བའི་མེ་ཤུགས་འཕུར་མདེལ་གཉིས་ཚོད་ལྟ་གློད་གཏོང་གྲུབ་འབྲས་ལྡན་པའི་ངང་ནས་བྱས་ཡོད་སྐོར།

2010.12.22

༄༅༎དེ་རིང་རྒྱ་གར་དམག་མིས་ཤར་ཕྱོགས་ཅན་རྡི་པུར་ས་ཁུལ་ནས་རྒྱང་ཚད་ཐུང་བའི་མེ་ཤུགས་འཕུར་མདེལ་གཉིས་ཚོད་ལྟ་གློད་གཏོང་གྲུབ་འབྲས་ལྡན་པའི་ངང་ནས་བྱས་ཡོད་སྐོར་རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་དང་ཡར་རྒྱས་སྒྲིག་འཛུགས་ཁང་གི་དཔོན་རིགས་ཅིག་གིས་ཕ་རེན་སི་གསར་ལས་ཁང་ལ་གསུངས་བཞག

རྒྱལ་ནང་དུ་བཟོ་སྐྲུན་བྱས་པའི་ས་ཐོག་ནས་ས་ཐོག་འཕེན་བྱེད་རྒྱང་ཚད་ཐུང་བའི་མེ་ཤུགས་འཕུར་མདེལ་Prithvi-IIརྟགས་ཅན་གཉིས་ རྒྱ་གར་ཤར་ཕྱོགས་ཨོ་རི་ས་མངའ་སྡེའི་ཅན་རྡི་པུར་མཚོ་ཁའི་ནས་ཚོད་ལྟ་གློད་གཏོང་བྱས་ཡོད་པའི་སྐོར་འབྲེལ་ཡོད་དཔོན་རིགས་ཨེསི་པི་རྡ་སི་ཡིས་འགྲེལ་བརྗོད་གནང་འདུག

མེ་ཤུགས་འཕུར་མདེལ་Prithvi –IIཔའི་རྩེ་མོར་རྡུལ་ཕྲན་གྱི་འབར་རྫས་འཁྱེར་ཐུབ་པའི་ནུས་ཤུགས་ཡོད་པ་དང༌། རྒྱང་ཚད་ཀི་ལོ་མི་ཊར་༣༥༠བར་རྙོབས་ཐུབ་ཀྱི་ཡོད་པ་རེད། གོང་ཞུས་མེ་ཤུགས་འཕུར་མདེལ་དེ་ད་ལོའི་ཕྱི་ཟླ་༩པའི་ཚེས་༢༤ཉིན་ས་གནས་དེ་རང་ཚོད་ལྟ་ཐེངས་ཅིག་བྱས་ཡོད་ཀྱང་སྐབས་དེར་ཚོད་ལྟ་ལམ་ལྷོང་ལྡན་པ་བྱུང་མེད་པ་རེད།

རྒྱ་གར་གྱི་རྒྱལ་སྲུང་ཞིབ་མཇུག་དང་ཡར་རྒྱས་སྒྲིག་འཛུགས་ཁང་གི་དཔོན་རིགས་ཤིག་གིས་རྒྱ་གར་གྱི་པི་ཀྲི་ཨའེ་PTIགསར་ལས་ཁང་ལ། Prithvi- IIརྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ལ་དེ་སྔོན་ཚོད་ལྟ་ཐེངས་འགའ་ཤས་བྱེད་པའི་སྐབས་། མེ་ཤུགས་འཕུར་མདེལ་དེ་ཤུགས་དྲག་ཆེན་པོ་ཞིག་དང་ཏག་ཏག་འབེན་ལ་ཕེབས་ཐུབ་པ་ཞིག་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བཞག

ཁ་ས་ཁྱིམ་མཚེས་པ་ཀིསི་ཐན་གྱིས་རྡུལ་ཕྲན་འབར་རྫས་རྩེ་མོར་འཁྱེར་ཐུབ་པའི་རྒྱང་ཚད་འབྲིང་བའི་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟར་ལམ་ལྷོང་བྱུང་བའི་རྗེས་ད་གར་རྒྱ་གར་གྱིས་མེ་ཤུགས་འཕུལ་མདེལ་Prithvi IIཔ་དེ་རིང་ཚོད་ལྟ་གློད་གཏོང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎