བོད་རང་དབང་ཆེད་ཞབས་འདེགས་ཀྱི་བྱས་རྗེས་ལ་ཆེ་བསྟོད།

རྒྱ་གར་བ་ཨའ་ཤ་རེ་ཌི་ཞུ་བར་བོད་རང་དབང་ཆེད་དུ་ཞབས་འདེགས་ཞུས་པའི་བྱས་རྗེས་ལ་ཆེ་བསྟོད་ཞུ་ཆེད་བྱ་དགའ་ཞིག་ཕུལ་ཡོད་པ་རེད།

2011.12.27

༄༅༎རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུ་གནང་མཁན་རྒྱ་གར་བ་ཨའ་ཤ་རེ་ཌི་ཞུ་བས། བོད་རང་དབང་ཆེད་དུ་ཞབས་འདེགས་ཞུས་པའི་བྱས་རྗེས་ལ་ཆེ་བསྟོད་ཞུ་ཆེད། བཙན་བྱོལ་དུ་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་མཚན་ཐོག་གི་བྱ་དགའ་དེ་དེ་རིང་རྒྱ་གར་རྒྱལ་ཡོངས་ནང་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་བོད་རིགས་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཕུལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༩༨ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་བོད་རང་དབང་ཆེད་དུ་ཟས་བཅད་ངོ་རྒོལ་གནང་བའི་སྐབས། ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་དང་བླངས་མཉམ་ཞུགས་གནང་བ་མ་ཟད། ཁོང་གིས་བོད་རང་དབང་གི་ཆེད་དུ་རང་ལུས་ལ་ས་སྣུམ་བླུགས་ཏེ་རང་སྲོག་བློས་གཏོང་གནང་ཡོད་པར་བརྟེན་བཙན་བྱོལ་དུ་ལོ་ལྟར་ཁོང་ལ་དྲན་གསོ་ཞུ་གི་ཡོད་པ་བཞིན། ད་རེས་རེས་གཟའ་ཟླ་བ་ཉིན་ནས་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་རྒྱ་གར་རྒྱལ་ཡོངས་སུ་མཐོ་རིམ་སློབ་གྲ་འགྲིམས་བཞིན་པའི་སློབ་མའི་ཚོགས་ཆེན་ཐེངས་དྲུག་པ་དེ་སྐོང་ཚོགས་གནང་བ་བཞིན། ཚོགས་འདུ་དེ་ཉིན་གསུམ་རིང་སྐོང་ཚོགས་གནང་གི་ཡོད་པ་དང༌། དེ་རིང་ཉིན་གཉིས་པའི་ཚོགས་འདུ་དེའི་ཐོག་ཚོགས་འདུ་གོ་སྒྲིག་གནང་མཁན་གྱིས། ཐུབ་བསྟན་དངོས་གྲུབ་ལགས་ཀྱི་མཚན་ཐོག་གི་བྱ་དགའ་དེ་ནི། ལྕམ་ཨའ་ཤ་རེ་ཌི་ཡིས་ད་བར་དུ་རྒྱ་གར་ལྷོ་ཕྱོགས་སུ་སློབ་གྲ་འགྲིམས་བཞིན་པའི་བོད་རིགས་སློབ་མ་ཚོར་ངལ་བ་འཛེམས་མེད་ཀྱིས་ཐུགས་འཁུར་རོགས་རམ་གནང་བ་དང༌། ལྷག་པར་དུ་བོད་རང་དབང་འཐབ་རྩོད་ཐོག་ལ་ལེགས་སྐྱེས་ཕུལ་བའི་བྱས་རྗེས་ལ་བྱ་དགའ་དེ་ཕུལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། ད་རེས་བོད་རིགས་སློབ་མའི་ཚོགས་ཆེན་དེ་ནི། རྒྱ་གར་ལྷོ་ཕྱོགས་ཀའར་ན་ཀྲ་ཀ་མངའ་སྡེའི་ཁྲིམས་དང་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་སྐུ་ཞབས་སུ་རེཤ་ཀུ་མའར་མཆོག་གིས་ཉིན་དང་པོའི་ཚོགས་འདུ་དབུ་འབྱེད་གནང་བ་དང༌། བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང༌། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་གཞུང་གི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱང་མཉམ་ཞུགས་གནང་ཡོད་ཅིང༌། སྐབས་དེར་རྒྱ་གར་གྱི་བློན་ཆེན་མཆོག་གི་དབུ་འབྱེད་གསུང་བཤད་ནང་ཁོང་གི་ཆབ་སྲིད་ཚོགས་པའི་ཐོག་ནས་མུ་མཐུད་བོད་མིའི་ཐོག་ལ་རྒྱབ་སྐྱོར་གྱི་ལས་དོན་རྒྱུན་མཁྱོངས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎