རྒྱ་གར་རྒྱལ་ཡོངས་སུ་འོས་བསྡུའི་ལས་འཆར་མུ་མཐུད་སྤེལ་བཞིན།

ཟླ་བ་འདིའི་ཚེས་བཅུ་དྲུག་ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་འཆར་གྱི་རིམ་པ་གསུམ་པ་དེ་སླེབས་ཡོད་པ།

2009.04.30

༄༅༎ཟླ་བ་འདིའི་ཚེས་བཅུ་དྲུག་ནས་བཟུང་རྒྱ་གར་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་དོན་འགོ་ཚུགས་ཡོད་པ་དང་དེ་རིང་རེས་གཟའ་ཕུར་བུའི་ཉིན་ལས་འཆར་རིམ་པ་གསུམ་པ་དེ་བྱས་ཡོད་པ་རེད།

དེ་རིང་གི་ལས་འཆར་འདི་བཞིན་གནད་འགག་ཆེན་པོ་ཞིག་བརྩི་གི་ཡོད་པ་ནི་ཟིང་ཆ་ཆེ་བའི་ཀ་ཤི་མིར་གྱི་གྲོང་ཁྱེར་སི་རི་ན་གའི་ནང་འོས་བསྡུའི་ལས་དོན་གོང་ཙམ་ལ་གྱེན་ལོག་ཤོག་ཁག་པ་ཚོས་མང་ཚོགས་ལ་འོས་འཕེན་པར་འགྲོ་མི་ཆོག་ཅེས་ཟིང་ཆ་བསླངས་བའི་གནས་ཚུལ་བྱུང་ཡོད་ཀྱང་དེ་རིང་དངོས་སུ་འོས་འཕེན་པའི་སྐབས་སྲུང་སྐྱོབ་ཀྱི་དམ་བསྒྲགས་ཤུགས་ཆེའི་འོང་མང་ཚོགས་ནས་མཉམ་ཞུགས་བྱས་ཡོད་པ་རེད། ཡང་ཐེངས་འདིའི་ལས་འཆར་ཁོངས་སུ་ཕྱོགས་འགལ་སྦི་ཇེ་པི་ཚོགས་པའི་གཙོ་འཛིན་དང་ཀོང་རེ་སི་ཨ་ཡེ་ཚོགས་པའི་ཚོགས་གཙོ།གཞན་ཡང་ཆབ་སྲིད་ཚོགས་པ་ཁག་ཅིག་གི་འགོ་འཛིན་ཚོའི་འོས་ལངས་སའི་ས་ཁུལ་ལ་འོས་འཕེན་གྱི་ཡོད་པ་སོགས་གང་ལྟར་ཐེངས་འདིའི་ལས་འཆར་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྤྱིར་བཏང་རྒྱ་གར་རྒྱལ་ཡོངས་སུ་འོས་བསྡུའི་ལས་འཆར་རིམ་པ་ལྔར་དབྱེ་ནས་འོས་འཕེན་གྱི་ཡོད་པ་དང་འོས་འཕེན་མཁན་མི་མང་ས་ཡ་བདུན་བརྒྱ་ལྷག་ཙམ་ཡོད་པའི་ཁོངས་སུ་དེ་རིང་ལས་འཆར་ཁོངས་སུ་མི་མང་ས་ཡ་༡༤༥འོས་འཕེན་རྒྱུའི་ཁོངས་སུ་ཡོད་པ་རེད། ཟླ་བ་ལྔ་པའི་ཚེས་བཅུ་དྲུག་ཉིན་དངོས་སུ་འོས་བསྡུའི་རྒྱལ་ཁ་སུར་ཐོབ་མིན་གྱི་གྲུབ་འབྲས་ཐོན་གྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎