རྒྱ་གར་གྱིས་ཏ་ལི་སྦན་དང་མཉམ་འབྲེལ་བ་གནང་སྲིད་པའི་སྐོར།

ཏ་ལི་སྦན་ཚོགས་མིའི་ཁོངས་ནས་ཞི་འཇམ་གྱི་ལྟ་གྲུབ་འཛིན་མཁན་ཚོ་དང་ལྷན་དུ་རྒྱ་གར་གྱིས་མཉམ་འབྲེལ་གནང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་པ།

2010.01.30

༄༅༎ཏ་ལི་སྦན་གྱི་སྒྲིག་འཛུགས་དེ་བཞིན་ཨེལ་ཁེ་ཌ་སོགས་དང་འབྲེལ་བ་ཉེ་པོ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞིག་ཡིན་པར་རྒྱ་གར་གཞུང་གིས་ངོས་འཛིན་མུ་མཐུད་གནང་གི་ཡོད་པ་རེད་ འོན་ཀྱང་ཨ་མི་རི་ཀ་སོགས་ཀྱིས་འཛིན་བཞིན་པའི་སྲིད་བྱུས་གཞིར་བཟུང་ཨཕ་ག་ནི་སི་ཏན་ནང་གི་ཏ་ལི་སྦན་ཚོགས་མིའི་ཁོངས་ནས་ཞི་འཇམ་གྱི་ལྟ་གྲུབ་འཛིན་མཁན་ཚོ་དང་ལྷན་དུ་རྒྱ་གར་གྱིས་མཉམ་འབྲེལ་གནང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་པ་རེད་

ཨཕ་ག་ནི་སི་ཏན་གྱི་གཞུང་ནང་མཉམ་ཞུགས་བྱ་རྒྱུའི་འདུན་པ་ཡོད་པའི་ཏ་ལི་སྦན་གྱི་ཚོགས་མི་དེ་ཚོ་ཨཕ་ག་ནི་སི་ཏན་གྱི་ཆབ་སྲིད་ལམ་སྲོལ་ནང་དུ་འཇུག་རྒྱུར་རྒྱལ་སྤྱིའི་ཕྱོགས་ནས་གྲོས་འཆར་ཞིག་བཏོན་ཡོད་པ་རེད་ གྲོས་འཆར་དེ་ལ་ཞི་འཇམ་གྱི་ལྟ་གྲུབ་འཛིན་མཁན་ཏ་ལི་སྦན་གྱི་ཚོགས་མི་ཚོས་ཆ་རྐྱེན་ཁག་གསུམ་ལ་ཁས་ལེན་བྱས་པ་ཡིན་ན་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གནང་གི་རེད་ཅེས་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨེམ་ཀི་རིཤ་ནས་རྒྱ་གར་གྱི་དུས་བབ་ཅེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་གསར་འགོད་པར་ཁ་ས་གསུངས་ཡོད་པ་རེད་ ཨཕ་ག་ནི་སི་ཏན་གྱི་གཞུང་དང་ཆབ་སྲིད་ལམ་ལུགས་ནང་མཉམ་ཞུགས་བྱ་རྒྱུའི་འདུན་པ་ཡོད་པའི་ཨཕ་ག་ནི་སི་ཏན་གྱི་ཏ་ལི་སྦན་ཚོས་ ཁས་ལེན་བྱེད་དགོས་པའི་ཆ་རྐྱེན་གསུམ་པོ་ནི་ དང་པོ་ཨཕ་ག་ནི་སི་ཏན་གྱི་རྩ་ཁྲིམས་ཁས་ལེན་དགོས་པ་དང་ གཉིས་པ་ཨེལ་ཁེ་ཌ་སོགས་འཇིགས་སྐུལ་དྲག་སྤྱོད་སྒྲིག་འཛུགས་ཁག་དང་འབྲེལ་བ་བཅད་དགོས་པ་ གསུམ་པ་འཚེ་བའི་བྱ་སྤྱོད་རིགས་རྩ་བ་ནས་སྤོང་དགོས་པ་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎