ཨ་མི་རི་ཀས་རྒྱ་གར་ལ་གོ་མཚོན་ཚོང་འགྲེམས་ཐུབ་རེ།

རྒྱ་གར་ནང་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་འཕྲུལ་འཁོར་གཉིས་འཛུགས་ཡུལ་ས་ཆ་གཏན་འཁེལ་གནང་ཐུབ་པའི་རེ་བ་གནང་གི་ཡོད་པ་རེད།

2009.07.20

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་རྒྱ་གར་དང་གོ་མཚོན་ཚོང་འགྲེམས་ཀྱི་གྲོས་མཐུན་ཞིག་དང་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་འཕྲུལ་འཁོར་གཉིས་འཛུགས་ཡུལ་ས་ཆ་གཏན་འཁེལ་གནང་ཐུབ་པའི་རེ་བ་གནང་གི་ཡོད་པ་རེད།

ཨ་མི་རི་ཀའི་ཕྱོགས་ནས་རྒྱ་གར་ལ་ཆེས་ཚད་མཐོའི་གོ་མཚོན་འཕྲུལ་རིག་ཁག་ཅིག་ཚོང་འགྲེམས་གནང་ཐུབ་པའི་རེ་བ་གནང་གི་ཡོད་ཅིང་དེ་ཡང་རྒྱ་གར་གྱིས་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་གཉིས་མ་གནས་དམག་གྲུ་༡༢༦ཕྱིའི་ཡུལ་ཁག་ཅིག་ནས་མཁོ་སྒྲུབ་གནང་འཆར་དེར་ཨ་རིའི་བཟོ་ཚོང་ལས་ཁང་ལོཀ་ཧིདྲ་མའར་ཊིན་དང་སྦོ་ཨིང་ཁེ་གཉེར་ལས་ཁང་གཉིས་ཀྱིས་ར་ཤི་ཡ་དང་ཕེ་རན་སི།སུའི་གྲན་བཅས་པའི་ཡུལ་ཁག་དང་རིན་གོང་འགྲན་བསྡུར་གནང་དགོས་ཆགས་ཡོད་པ་རེད།

རེས་གཟའ་ཟླ་བའི་ཉིན་གྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊེན་མཆོག་དང་རྒྱ་གར་གྱི་དཔོན་རིགས་རྣམ་པའི་བར་གྱི་གྲོས་མོལ་ཐོག་རྒྱ་གར་ངོས་ནས་ཨ་མི་རི་ཀས་ཕྱི་ཚོང་གནང་རྒྱུའི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་འཕྲུལ་འཁོར་གཉིས་པོ་དེ་དག་རྒྱ་གར་གྱི་ས་གནས་གང་དུ་འཛུགས་པར་བྱེད་པ་དེ་གཏན་འཁེལ་གནང་རྒྱུ་ཡིན་པ་རེད། ཨ་མི་རི་ཀའི་དཔོན་རིགས་ཤིག་གིས་གོང་ཞུས་ཀྱི་གནད་དོན་དེ་རེས་གཟའ་ཟླ་བ་ཉིན་གཏན་འཁེལ་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་པ་དང་རྒྱ་གར་གྱི་གསར་ཤོག་ཁག་ནང་རྡུལ་ཕྲན་ནུས་ཤུགས་འདོན་ཡུལ་དེ་དག་རྒྱ་གར་གྱི་མངའ་སྡེ་གུཇ་རཏ་དང་ཨན་རྡ་ར་པཱར་རྡེཤ་ནང་འཛུགས་རྒྱུ་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེད། གོང་ཞུས་ཀྱི་རྡུལ་ཕྲན་ནུས་ཤུགས་འདོན་སྤེལ་གྱི་ལས་འཆར་དེས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་ཙམ་གྱི་ཚོང་འབྲེལ་ཡོང་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་ལས་ཁང་གི་ལྷོ་ཤར་ཨེ་ཤེ་ཡའི་ལས་དོན་གྱི་དྲུང་ཆེ་ཕྱག་རོགས་སྐུ་ཞབས་རོ་སྦ་ཊེ་སྦེ་ལེཀ་ཡིས་གསུངས་འདུག ད་ཐེངས་ཀྱི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊེན་མཆོག་གི་རྒྱ་གར་གྱི་རྒྱལ་དོན་འཚམས་གཟིགས་འདིའི་སྐབས་དེ་སྔོན་སྦུཤི་སྲིད་གཞུང་གིས་རྒྱ་གར་དང་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གདོང་ལེན་དང་ཕན་ཚུན་ཚོང་འབྲེལ་རྒྱ་སྐྱེད་དང་འཛམ་གླིང་ནང་རྡུལ་ཕྲན་གོ་མཚོན་ཐོག་དོ་དམ་གནང་རྒྱུའི་སྲིད་བྱུས་དེ་དག་ཐོག་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡིན་སྐོར་གསལ་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎