ཟས་བཅད་ངོ་རྒོལ་བའི་སྐུ་གཟུགས་སྐྱོ་རུ་འགོ་བཞིན་པ།

ནིའུ་ཡོརྐ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་འདུག

2012.02.29

༄༅༎བོད་དོན་ཆེད་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུས་ཚོད་ངེས་མེད་བར་བཟས་བཅད་ངོ་རྒོལ་གནང་ནས་བདུན་གཉིས་པའི་ནང་སླེབས་ཡོད་པའི་ དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་གྱི་སྐུ་གཟུགས་ཀྱི་གནས་བབ་སྐྱོ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བཟས་བཅད་ངོ་རྒོལ་གནང་མཁན་ཚོགས་མི་གསུམ་གྱི་གསུང་ཤུགས་ཆུང་དུ་ཕྱིན་ཡོད་པ་དང༌། སྐུ་སྟོབས་ཀྱང་ཉམ་རྒུད་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཤིང་ཛ་རིན་པོ་ཆེའི་སྐུ་གཟུགས་ཀྱི་ལྗིད་ཚད་ཀི་ལོ་༣མར་ཆག་ཡོད་པ་དང༌། རྡོར་རྗེ་རྒྱལ་པོ་ལགས་དང་ཡེ་ཤེས་བསྟན་འཛིན་ལགས་གཉིས་ཀི་ལོ་༢རེ་ཆག་ཡོད་པ་རེད། འོན་ཀྱང་ཁོང་གསུམ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་གི་དབུ་འཁྲིད་ཚོར་བོད་ཐོག་རྒྱ་ནག་གིས་དྲག་རྩུབ་ཆེན་པོ་བྱེད་བཞིན་ཡོད་པ་དེ་དག་མཚམས་འཇོག་ཡོང་ཐབས་སུ་རྒྱ་གཞུང་ཐོག་གནོན་ཤུགས་སྐྱོན་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུའི་ཆོད་སེམས་གཏན་པོ་ཡོད་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎